འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་31ཞིབ་བཤེར་རྩིས་ལེན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “བོད་ལྗོངས་ཀྱི་2011ལོའི་གོང་དུ་ལས་མཇུག་འགྲིལ་བའི་གཙོ་གནད་གཞུང་ལམ་རྣམ་གྲངས་31ཉིན་ཤས་གོང་ས་ཆུ་སྲུང་འཛིན་གྱི་ཆེད་དོན་ཞིབ་བཤེར་རྩིས་ལེན་བྱུང་བ་དེ་ཐོག་ནས་བོད་ཀྱི་གཙོ་གནད་གཞུང་ལམ་འཛུགས་སྐྲུན་བྱེད་རིང་ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད”ཅེས་ཚེས་14ཉིན་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ལི་ཝུན་ཧན་གྱིས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་2011ལོའི་གོང་དུ་ལས་མཇུག་འགྲིལ་བའི་གཙོ་གནད་གཞུང་ལམ་རྣམ་གྲངས་ཀྱི་གྲས་སུ་རྒྱལ་ལམ་318དང་219ཡི་གསར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དང་དེ་བཞིན་ཞིང་ཆེན་རིམ་པའི་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཁག་གཅིག་ཚུད་པར་ཁྱོན་རྣམ་གྲངས་31ཡོད་པ་དང་། ས་ཁུལ་དང་གྲོང་ཁྱེར་7དང་རྫོང་(ཆུས)51དང་འབྲེལ་བ་ཡོད་པ། གཞུང་ལམ་ཁྱོན་རིང་ཚད་སྤྱི་ལེ་4171.42ཟིན་གྱི་ཡོད་པ་རེད།
         ཆུ་བེད་པུའི་བཀའ་མངགས་ལྟར་བོད་རང་སྐྱོང་ལྗོངས་ས་ཆུ་སྲུང་འཛིན་ཅུས་ཀྱིས་ད་རེས་ཀྱི་2011ལོའི་གོང་དུ་ལས་མཇུག་འགྲིལ་བའི་གཙོ་གནད་གཞུང་ལམ་རྣམ་གྲངས་ལ་ས་ཆུ་སྲུང་འཛིན་གྱི་ཆེད་དོན་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་འགན་བླངས་ཤིང་། ཉིན་བཅུ་གཅིག་འབད་བརྩོན་བྱས་པ་བརྒྱུད་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ལེགས་འགྲུབ་བྱུང་བ་དང་། གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་30དག་ས་ཆུ་སྲུང་འཛིན་སྒྲིག་བཀོད་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་ཆ་རྐྱེན་དང་རྩ་བའི་ཆ་ནས་མཐུན་པ། ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།