འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་བསྐྱར་དུ་ས་ཡོམ་བརྒྱབ་པ་ལས་ནེ་པ་ལའི་མི་47དང་བོད་ལྗོངས་ཀྱི་མི་1རྐྱེན་
    ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 16:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་གྱི་པེ་ཅིང་གི་ཆུ་ཚོད་15དང་སྐར་མ་5ཡི་ཐོག་ནེ་པ་ལར་(བྱང་གི་འཕྲེད་ཐིག་ཏུའུ་27.8དང་ཤར་གྱི་གཞུང་ཐིག་ཏུའུ་86.1) ཡང་བསྐྱར་ས་ཡོམ་ཚབས་ཆེན་རིམ་པ་7.5བྱུང་ཞིང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10 ཡོད་པ་རེད། 
         ནེ་པ་ལའི་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་ཀར་གཞིགས་ན། ཉིན་དེར་ནེ་པ་ལའི་བྱང་རྒྱུད་རི་ཁུལ་ཤིན་ཏུའུ་ཕར་ཆའོ་ཁེ་རུ་ས་ཡོམ་ཚབས་ཆེན་བྱུང་སྟེ་མི་གྲངས་36རྐྱེན་ལམ་དུ་ཤོར་བ་དང་མི་གྲངས་1117ལ་རྨས་སྐྱོན་བྱུང་བ་རེད། ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱི་གནས་འཕྲིན་སྤེལ་བ་ལྟར་ན། ཐེངས་འདིའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་47ཟིན་པ་རེད།
         བོད་རང་སྐྱོང་ལྗོངས་སྐྱིད་གྲོང་གྲོང་རྡལ་དང་འགྲམ་གྲོང་རྡལ་དུ་ཡོམ་ཚོར་དྲག་པོ་བྱུང་བ་མ་ཟད། ལྷ་ས་དང་ལྷོ་ཁ་སོགས་སུ་ཡང་ཡོམ་ཚོར་བྱུང་བ་རེད། སྐྱིད་གྲོང་གྲོང་རྡལ་གྱི་མི་1ལ་ས་ཡོམ་བྱུང་སྐབས་རི་ནས་ལྷུང་བའི་རྦབ་རྡོ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད།
         ནེ་པ་ལ་སྲིད་གཞུང་གིས་ས་ཡོམ་བྱུང་རྗེས་མགྱོགས་མྱུར་ངང་རྒྱལ་སྲིད་ལས་ཁུངས་ཀྱི་ཛ་དྲག་ཆེ་བའི་ཚོགས་འདུ་སྐོང་འཚོག་བྱས་ནས་ཙུང་ལི་ཁོ་དབྱི་ལཱ་ལཱ་ཡིས་མི་དམངས་ཡོངས་ཀྱིས་ལག་གདང་སྦྲེལ་ནས་མྱུར་སྐྱོར་ལས་དོན་སྤེལ་དགོས་པའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།