འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་ཕྱེས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་ཕྱེས་པ།
          མི་དམངས་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། པེ་ཅིང་ཙོང་ཁ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་གནང་བའི་པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་པེ་ཅིང་གྲོང་ཁྱེར་དུ་བཙུགས།
         རྒྱུས་ལོན་བྱུང་ལྟར་ན། པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་ནི་ཐོང་ཧོས་ཧིའུ་འགྲམ་རིག་གནས་གསར་སྐྲུན་ཐོན་ལས་གླིང་དུ་ཆགས་ཡོད་ཅིང་། དེར་གསར་སྐྲུན་དང་། ཉར་ཚགས། ཞིབ་འཇུག འགྲེམ་སྟོན་བཅས་གཅིག་ཏུ་སྦྱར་བའི་ཕྱོགས་བསྡུས་རང་བཞིན་གྱི་རེབ་གོང་རིག་གནས་སྒྱུ་རྩལ་རྟེན་གཞི་ཞིག་ཡིན། སྒྱུ་རྩལ་ཁང་གིས་དུས་ཡུན་རིང་བོར་འཛམ་གླིང་རིམ་པའི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་གཉིས་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་དྲུག་སྐྱེས་སྟོབས་ལྡན་པའི་ངང་རྒྱལ་སའི་མི་དམངས་ལ་འགྲེམ་སྟོན་བྱས་པ་ཡིན་ལ། འཛམ་གླིང་ན་འགྲན་ཟླ་བྲལ་བའི་<<པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐྱེས་རབས་དཔེ་རིས་>>དང་། རྒྱལ་ཁབ་གཅེས་ནོར་རིམ་པའི་ཆིན་རྒྱལ་རབས་དུས་མགོའི་རིག་དངོས་ལྡེབས་རིས་ཐང་ག་<<དཔལ་དུས་ཀྱི་འཁོར་ལོ>> <<སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ>> དེ་མིན་མཐོ་ཚད་ལ་སྨིད་བཅུ་གཅིག་དང་ཞེང་དུ་སྨིད་བདུན་ཅན་གྱི་ལག་བྲིས་ཐང་ག་<<དུས་གསུམ་སངས་རྒྱས་>>སོགས་ཡོད།
    ༄༅།།པེ་ཅིང་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་ཕྱེས་པ།
      

    ཕྱོགས་བསྡུས་གསར་འགྱུར།