འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་ཡང་བསྐྱར་ས་ཡོམ་བྱུང་བ་ལས་བོད་ལྗོངས་སྐྱིད་གྲོང་གི་མི་1རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནེ་པ་ལར་ཡང་བསྐྱར་ས་ཡོམ་བྱུང་བ་ལས་བོད་ལྗོངས་སྐྱིད་གྲོང་གི་མི་1རྐྱེན་ལམ་དུ་ཤོར་བ།
         ཟླ་5ཚེས་12ཉིན་གྱི་པེ་ཅིང་གི་ཆུ་ཚོད་15དང་སྐར་མ་5ཡི་ཐོག་ནེ་པ་ལར་(བྱང་གི་འཕྲེད་ཐིག་ཏུའུ་27.8དང་ཤར་གྱི་གཞུང་ཐིག་ཏུའུ་86.1)ཡང་བསྐྱར་ས་ཡོམ་ཚབས་ཆེན་རིམ་པ་7.5བྱུང་ཞིང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10 ཡོད་པ་རེད། བོད་རང་སྐྱོང་ལྗོངས་སྐྱིད་གྲོང་གྲོང་རྡལ་དང་འགྲམ་གྲོང་རྡལ་དུ་ཡོམ་ཚོར་དྲག་པོ་བྱུང་བ་མ་ཟད། ལྷ་ས་དང་ལྷོ་ཁ་སོགས་སུ་ཡང་ཡོམ་ཚོར་བྱུང་བ་རེད། སྐྱིད་གྲོང་གྲོང་རྡལ་གྱི་མི་1ལ་ས་ཡོམ་བྱུང་སྐབས་རི་ནས་ལྷུང་བའི་རྦབ་རྡོ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།