འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ལུས་པའི་ཕྱི་རྒྱལ་གྱི་རི་འཛེགས་མི་སྣ་ཚང་མ་སོ་སོའི་རྒྱལ་ཁབ་ཏུ་ལོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་སྐོང་འཚོག་བྱས་པའི“4•25”ས་ཡོམ་བྱུང་སྐབས་བོད་ལྗོངས་སུ་ལུས་པའི་ཕྱི་རྒྱལ་གྱི་རི་འཛེགས་མི་སྣ་རྣམས་བདེ་འཇགས་ངང་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་རྒྱུའི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། ནེ་པ་ལ་ནས་ཡིན་པའི་ཤར་པ་རི་འཛེགས་རོགས་ལས་མི་སྣ་124ཚེས་10ཉིན་དང་ཚེས་11ཉིན་གནམ་གྲུར་བསྡད་དེ་ཕྱིར་ནེ་པ་ལར་ལོག་རྒྱུ་ཡིན་ཞིང་། དེའི་ཐོག་ནས་བོད་ལྗོངས་ཀྱིས་ཕྱི་རྒྱལ་གྱི་རི་འཛེགས་མི་སྣ་ཚོར་རོགས་སྐྱོབ་བདེ་བཀོད་དང་བདེ་འཇགས་ངང་བོད་ལྗོངས་ནས་ཕྱིར་ལོག་གཏོང་བའི་ལས་དོན་ལེགས་འགྲུབ་བྱས་པ་མཚོན་པ་རེད། དེའི་སྔོན་ལ་བོད་ལྗོངས་སུ་ལུས་པའི་ཕྱི་རྒྱལ་གྱི་མི་346ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་ཏུ་བཅུག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ཐད་ཀར་གྱོང་གུན་བྱུང་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།