འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བྱ་གཞག་གསར་གཏོད་ཀྱི་
    རྟེན་གཞིའི་གྲོང་ཁྱེར་གྱི་དཔེ་སྟོན་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནོར་སྲིད་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚན་རྩལ་པུའུ། ཚོང་དོན་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས་2015ལོ་ནས་བཟུང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བྱ་གཞག་གསར་གཏོད་ཀྱི་རྟེན་གཞིའི་གྲོང་ཁྱེར་གྱི་དཔེ་སྟོན་ལས་དོན་སྤེལ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། དཔེ་སྟོན་གྱི་དུས་བཅད་ནང་འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར་དང་དེ་བཞིན་ལྟེ་བའི་གྲོང་ཁྱེར་ལ་བྱ་དགའི་དངུལ་སྒོར་དུང་ཕྱུར་9སྤྲོད་རྒྱུ་དང་། སྤྱིར་བཏང་གྲོང་ཁྱེར་(ཐད་གཏོགས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་དང་རྫོང་ཚུད་པ)ལ་བྱ་དགའི་དངུལ་སྒོར་དུང་ཕྱུར་6སྤྲོད་རྒྱུ་དང་། ལོ་གསུམ་གྱི་དཔེ་སྟོན་དུས་བཅད་ནང་བྱ་དགའི་དངུལ་ལོར་དབྱེ་ནས་སྤྲོད་རྒྱུ་ཡིན་པ་རེད།
         བརྡ་ཐོའི་ནང་ས་གནས་རིམ་ཁག་ནོར་སྲིད་དང་། བཟོ་ལས་ཆ་འཕྲིན། ཚན་རྩལ། ཚོང་དོན། བཟོ་ཚོང་སོགས་སྡེ་ཚན་གྱིས་མ་དངུལ་གཏོང་ཤུགས་མང་དུ་བཏང་སྟེ་ལས་སྒོའི་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན“ཚང་མས་བྱ་གཞག་གསར་གཏོད་པ་དང་ཀུན་གྱིས་གསར་འབྱེད་བྱེད་པའི”གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད་མོད། འོན་ཀྱང་མིག་སྔར་ནོར་སྲིད་ཀྱི་མ་དངུལ་སྤྱོད་རྒྱུ་ཅུང་ཁ་ཐོར་དང་། རྣམ་གྲངས་དོ་དམ་གཙོ་བོར་བཟུང་བའི་གནས་ཚུལ་ཡོད་པ། སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་སྟེགས་བུ་དཀོན་པ། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་མི་འདང་བ།“མཐའ་མའི་འགག་གནད”ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་བཅས་ཀྱི་གནས་ཚུལ་གནས་ཡོད་ཅེས་བསྟན་ཡོད།
         ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གསར་གཏོད་རྟེན་གཞིའི་གྲོང་ཁྱེར་གྱི་དཔེ་སྟོན་ལས་དོན་སྤེལ་རྒྱུ་དེ་ཀྲུང་དབྱང་ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཐུབ་རྒྱུ་དང་། སྲིད་ཇུས་ཀྱི་ཐོན་ཁུངས་དང་ཞབས་ཞུ་གཅིག་སྡུད་བསྡུ་སྒྲིལ་བྱ་རྒྱུ། སྲིད་ཇུས་ཀྱི་བརྒྱུད་རིམ་ཐུང་དུ་གཏོང་རྒྱུ་དང་ལས་ཆོད་ཆེ་རུ་གཏོང་རྒྱུ། རྒྱབ་སྐྱོར་གྱི་སྲིད་ཇུས་གསར་གཏོད་བྱ་རྒྱུ། སྲིད་གཞུང་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་དང་འཛུགས་རྒྱུ་བཅས་ལ་ཕན་ཐོགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།