འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་ས་ཡོམ་ཚབས་ཆེན་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་8019རུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན་ནེ་པ་ལའི་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ནེ་པ་ལར་ས་ཡོམ་ཚབས་ཆེན་བྱུང་བ་ལས་མི་གྲངས་8019རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་17886ལ་རྨས་སྐྱོན་ཕོག་པ་རེད།
         ནེ་པ་ལའི་མྱུར་སྐྱོབ་མི་སྣ་ཚོས་ས་གནས་དེ་གར་རི་ཉིལ་བ་དང་གངས་རུད་རྒྱག་པའི་དབང་གིས་མྱུར་སྐྱོབ་མྱུར་ཚད་འགོར་འགྱངས་བྱུང་བ་རེད་ཅེས་བཤད་པ་རེད།
         ནེ་པ་ལ་རྒྱལ་ཁབ་ཀྱི་ས་ཡོམ་རྟོག་དཔྱོད་ལྟེ་གནས་ཀྱིས་གཞི་གྲངས་ལ་གཞིགས་ན། ཟླ་5ཚེས་10ཉིན་ལའང་ནེ་པ་ལར་འཕྲོ་ལུས་ས་ཡོམ་ཐེངས་4བྱུང་བས། ནེ་པ་ལར་ས་ཡོམ་ཚབས་ཆེན་བྱུང་བའི་རྗེས་འཕྲོ་ལུས་ས་ཡོམ་བྱུང་གྲངས་ཐེངས་150རུ་འཕར་བ་རེད།
         ནེ་པ་ལའི་འཕྲོད་བསྟེན་དང་མི་གྲངས་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་སྤྱིའི་རུ་ཁག་85ཡི་སྨན་བཅོས་མི་སྣ་2700ལྷག་ཙམ་ནེ་པ་ལར་ས་ཡོམ་བྱུང་རྗེས་ཀྱི་མྱུར་སྐྱོབ་ལས་ཀར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།