འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་5ཚེས་10ཉིན་ནས་བཟུང་རང་རྒྱལ་དུ་ཐ་མག་གི་ཁྲལ་མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་11ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་བ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་ཟླ་5ཚེས་10ཉིན་ནས་བཟུང་ཐ་མག་གི་དཔྱ་ཁྲལ་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་ཐ་མག་སྡེབ་འཚོང་གི་ལྷུ་ཚིགས་དེ་རིན་ཁྲལ་ཁྲལ་འབོར་5%ནས་11%བར་མཐོ་རུ་གཏོང་རྒྱུ་མ་ཟད་རྐང་རེར་སྒོར་0.005ལྟར་འབོར་བསྟུན་དཔྱ་ཁྲལ་མང་བསྡུ་བྱ་རྒྱུ་རེད།
         དེ་ནི་1994ལོར་རང་རྒྱལ་དུ་ཁྲལ་དབྱེའི་ལམ་ལུགས་སྒྱུར་བཅོས་བྱས་ཚུན་ནས་བཟུང་ཐ་མག་ཐོན་རྫས་འཛད་སྤྱོད་ཀྱི་དཔྱ་ཁྲལ་ཐེངས་4པར་མཐོ་རུ་བཏང་བ་ཞིག་རེད།
         ཐ་མག་ལ་ཚོད་འཛིན་བྱས་པའི་ཕན་འབྲས་སྔར་བས་ལེགས་སུ་གཏོང་བ་དང་ཁྲལ་མཐོ་རུ་གཏོང་བ་དང་ཆབས་ཅིག་རིན་གོང་འཚམ་ཆེད་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ཀྱིས་ཐ་མག་སྡེབ་འཚོང་གི་རིན་གོང་དང་གྲོས་འདོན་གྱི་སིལ་འཚོང་རིན་གོང་མཉམ་དུ་ལེགས་སྒྲིག་བྱེད་པ་མ་ཟད་མཐོ་རུ་འོས་འཚམ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།