འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་བྱུང་བའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་7365རུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གཞུང་ཕྱོགས་ཀྱིས་བསྟན་པའི་ཆེས་གསར་གཞི་གྲངས་ལས་མངོན་པ་ལྟར་ན། ས་ཡོམ་ཚབས་ཆེན་པོ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་7365རུ་འཕར་བ་དང་། རྨས་སྐྱོན་ཕོག་མི་14000ལྷག་ལ་འཕར་ཡོད་པ་རེད། ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་པཱ་མུའུ་ཡིས་ཟླ་5ཚེས་4ཉིན་མིག་སྔའི་བར་དུ་ནེ་པ་ལའི་ས་ཡོམ་ཁྲོད་ཕྱི་རྒྱལ་གྱི་མི་57རྐྱེན་ལམ་དུ་ཤོར་བ་དང་། མི་112གར་སོང་ཆ་མེད་དུ་གྱུར་པ་རེད། ཁོང་ཚོ་མང་ཆེ་བ་ནི་ཀ་ཏི་མན་རྡུའི་བྱང་ཕྱོགས་ཀྱི་རི་འཛེགས་བྱེད་མཁན་མང་བའི་ལམ་ཐིག་ལང་ཐང་ཞེས་པའི་ས་ཁུལ་དུ་གངས་རུད་རྒྱག་པར་འཕྲད་རྗེས་གར་སོང་ཆ་མེད་དུ་གྱུར་བ་རེད་ཅེས་བརྗོད།
         ཤེས་རྟོགས་བྱུང་བ་ལྟར་ན། ནེ་པ་ལའི་ཉེན་རྟོག་ཕྱོགས་དང་ས་གནས་དེ་གའི་དང་བླངས་མི་སྣས་ཟླ་5ཚེས་1ཉིན་དང་ཚེས་2ཉིན་གངས་རུད་བྱུང་ས་ནས་བེམ་པོ་ཧ་ལམ་བརྒྱ་ལྷག་རྙེད་ཅིང་། བེམ་པོ་དེ་དག་ཁྲོད་ཉུང་མཐའ་ཡང་བེམ་པོ་7ཕྱི་རྒྱལ་གྱི་མི་རེད།
      

    ཕྱོགས་བསྡུས་གསར་འགྱུར།