འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དམག་ཁུལ་ཁང་གི་དཔོན་དམག་ཚོ་ཡོམ་འགོག་གེགས་སེལ་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་27ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་དམག་ཁུལ་ཁང་གི་དཔོན་དམག་ཚོ་ཡོམ་འགོག་གེགས་སེལ་བྱེད་པར་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་བོད་ལྗོངས་ལ་བཅའ་སྡོད་བྱེད་མཁན་མདའ་ཤོག་ཆེ་གེ་མོའི་གེགས་སེལ་རོགས་སྐྱོབ་རླངས་འཁོར་རུ་ཁག་གིས་བརྒྱ་ཚོ་ལ་བརྒལ་ཏེ་ས་ཡོམ་བྱུང་ཁུལ་དུ་གེགས་སེལ་བྱེད་པར་བསྐྱོད་པ་རེད།
         ནེ་པ་ལའི་རྒྱལ་ཁོངས་སུ་ས་ཡོམ་བྱུང་རྗེས་བོད་ལྗོངས་དམག་ཁུལ་ཁང་གིས་ཡོམ་འགོག་གེགས་སེལ་གྱི་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱེད་འགོ་བརྩམས་ཏེ་དམག་ཁུལ་ཁང་གི་ཡོམ་འགོག་གེགས་སེལ་བཀོད་འདོམས་ཚོགས་ཆུང་བཙུགས་པ་དང་། དཔོན་དམག་དང་ཡུལ་དམག་1800ལྷག་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཚབས་ཆེན་ཕོག་པའི་སྐྱིད་གྲོང་རྫོང་དང་གཉའ་ལམ་རྫོང་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མྱུར་སྐྱོབ་བྱ་སྤྱོད་སྤེལ་ནས་རྨས་སྐྱོན་ཕོག་མཁན་100ལྷག་ཙམ་མྱུར་སྐྱོབ་བྱས་པ་དང་མང་ཚོགས་4000ལྷག་ཙམ་བདེ་ཁུལ་དུ་བཀོད་སྒྲིག་བྱས་པ་རེད།
    【1】  【2】  【3】
    ༄༅།།བོད་ལྗོངས་དམག་ཁུལ་ཁང་གི་དཔོན་དམག་ཚོ་ཡོམ་འགོག་གེགས་སེལ་བྱེད་པར་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།