འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།“ཁེར་ཆགས་གླིང་ཕྲན”འགྲམ་གྲོང་རྡལ་དུ་ལུས་པའི་མང་ཚོགས་ཚང་མ་བདེ་འཇགས་
    ངང་ཕྱིར་འཐེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཡི་བར་དུ་འགྲམ་གྲོང་རྡལ་དུ་ཆུ་ཚོད་120ལྷག་ཙམ་ལུས་པའི་མང་ཚོགས་ཚང་མ་ངང་ཕྱིར་འཐེན་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་ལ་གནད་འགག་སྒྲོལ་བའི་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པ་རེད། ཚེས་28ཉིན་གཉའ་ལམ་རྫོང་ནས་འགྲམ་གྲོང་རྡལ་བར་གྱི་སྲོག་སྐྱོབ་བགྲོད་ལམ་ཆེན་པོ་ལ་རླངས་འཁོར་ཤར་གཏོང་ཐུབ་པར་བཟོས་པ་རེད། ཚེས་29ཉིན་གྱི་སྔ་དྲོར་འགྲམ་གྲོང་རྡལ་དུ་ལུས་པའི་མང་ཚོགས་6000ལྷག་ཙམ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཕྱིར་གནས་སྤོ་བྱེད་འགོ་བརྩམས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་བྱང་འདབས་བཟོ་ལས་གླིང་ཁུལ་དང་ལྷ་རྩེ་རྫོང་དུ་ཁྱོན་བསྡོམས་གེགས་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་ས་4བཙུགས་པ་དང་། གུར་5000ཕུབ་ནས་འགྲམ་གྲོང་རྡལ་གྱི་གེགས་ཐེབས་མང་ཚོགས་བཀོད་སྒྲིག་བྱས་པ་རེད། 
         བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་མདུན་སའི་བཀོད་འདོམས་པུའུ་ནས་ངོ་སྤྲོད་བྱས་པ་ལྟར་ན། ཚེས་29ཉིན་གྱི་ཆུ་ཚོད་12ཀྱི་བར་དུ་ནེ་པ་ལར་བྱུང་བའི་ས་ཡོམ་ཚབས་ཆེན་རིམ་པ་8.1དེ་ཁྱོན་བསྡོམས་བོད་ལྗོངས་ཀྱི་རྫོང་དང་ཆུས་19ལ་ཤུགས་རྐྱེན་ཐེབས་པ་དང་། རྫོང་དང་ཆུས་14ལ་གནོད་སྐྱོན་ཕོག དེ་དག་གི་ཁྲོད་གཉའ་ལམ་རྫོང་དང་། སྐྱིད་གྲོང་རྫོང་། དིང་རི་རྫོང་བཅས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད། ས་ཡོམ་ལས་བོད་ལྗོངས་ཀྱི་མི་25རྐྱེན་ལམ་དུ་ཤོར་བ་དང་། མི་4གང་སོང་ཆ་མེད་དུ་གྱུར། མི་797ལ་རྨས་སྐྱོན་ཕོག  ཁྱིམ་དུད་2535ཡི་ཁང་པ་རྡིབ། ཁྱིམ་དུད་25821གི་ཁང་པར་གས་སྐྱོན་བྱུང་། མི་གྲངས་ཁྲི་30ལ་ཉེ་བར་ཚད་མི་འདྲ་བའི་གནོད་སྐྱོན་ཕོག་པ་རེད། ཚེས་28ཉིན་གྱི་ཆུ་ཚོད་13གྱི་བར་དུ་ཐེངས་འདི་ས་ཡོམ་ལས་ཁྱོན་བསྡོམས་འཕྲོ་ལུས་ས་ཡོམ་ཐེངས་94བྱུང་ཞིང་། དེའི་ཁྲོད་འཕྲོ་ལུས་ས་ཡོམ་རིམ་པ་7.0ཡན་ཐེངས་2དང་རིམ་པ་5.0ཡན་ཐེངས་3བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།