འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དམིགས་བསལ་རིམས་འགོག་རླངས་འཁོར་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དམིགས་བསལ་རིམས་འགོག་རླངས་འཁོར་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དང་གཉའ་ལམ་རྫོང་འགྲམ་གྲོང་རྡལ་དེ་རིམས་ནད་ཐོན་ཆེ་བའི་ཁུལ་དུ་གཏོགས་པའི་ཁར། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པ་དང་ས་ཆ་དེ་གའི་འཐུང་ཆུའི་ཆུ་འགོ་གཙང་མ་མེད་པས་རིམས་ནད་ཐོན་སྲིད་པར་བརྟེན། བོད་རང་སྐྱོང་ལྗོངས་ཀྱི་ཐོལ་བྱུང་དོས་དྲག་ཆེ་བའི་འགོས་ནད་སྔོན་འགོག་ཚོད་འཛིན་རུ་ཁག་གིས་དུག་སེལ་དང་། ཆུ་གཙང་མ། སྐབས་འཕྲལ་ལྟ་ཞིབ་ཚོད་ལྟ་ཁང་སོགས་དམིགས་བསལ་གྱི་རླངས་འཁོར་ཁག་བཅུ་ཙམ་དང་རིམས་ནད་སྔོན་འགོག་ཆེད་ལས་མི་སྣ་37བསྡུ་རུབ་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་བཏང་ཞིང་། འདི་ནི་དམིགས་བསལ་རིམས་འགོག་རླངས་འཁོར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་དུ་བསྐྱོད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།