འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་དངུལ་ཁང་གིས་བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་གྱི་འབྲེལ་ཡོད་དངུལ་རྩའི་
    ཞབས་ཞུའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་ས་ཡོམ་རིམ་པ་8.1གིས་རྐྱེན་པས་རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་གཉའ་ལམ་རྫོང་དང་། དིང་རི་རྫོང་། སྐྱིད་གྲོང་རྫོང་སོགས་སུ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ས་ཡོམ་བརྒྱབ་རྗེས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་ཡོམ་འགོག་གེགས་སེལ་ཧུར་ཐག་བྱས་པ་དང་། ཚེས་26ཉིན་གཉའ་ལམ་ཉིང་ལག་དངུལ་ཁང་གིས་འཕྲལ་མ་ཉིད་དུ་གནས་སྐབས་ཞབས་ཞུའི་ས་ཚིགས་བཙུགས་ནས་དངུལ་རྩའི་ཞབས་ཞུ་བྱས་ཏེ་ཚེས་27ཉིན་གྱི་སྔ་དྲོ་སྐྱིད་གྲོང་འགག་སྒོའི་ཉིང་ལག་དངུལ་ཁང་དུ་གེགས་ཁུལ་གྱི“སྦྲ་གུར་དངུལ་ཁང”དང་པོ་དེ་བཙུགས་པ་རེད།
          གསར་འགོད་པར་ཟླ་4ཚེས་27ཉིན་ཞིང་ལས་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། དངུལ་ཁང་དེས་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གེགས་ཁུལ་དུ་འབྲེལ་ཡོད་དངུལ་རྩའི་ཞབས་ཞུའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བའི་དམིགས་བསལ་བྱེད་ཐབས་ལག་བསྟར་བྱས་ཏེ་གེགས་ཁུལ་མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཞིང་། ICགཱ་དང་། གཱ་གསར་བརྗེ། གཱ་གསབ་བརྗེས་བཅས་དང་། མི་སྒེར་གྱི་དྲ་ཐོག་དངུལ་ཁང་གི་དངུལ་ཁང་དེ་ག་གནས་སའི་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ཏུ་དངུལ་སྒྱུར་འགྲོ་ལུགས་ཀྱི་འགྲོ་གྲོན་སོགས་བསྡུ་གི་མེད་པ་རེད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པ་དང་། ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པའི་ཐེབས་རྩ་ལྷན་ཚོགས། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་སོགས་དགེ་སྒྲུབ་རྩ་འཛུགས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སོགས་སྲིད་གཞུང་སྡེ་ཚན་གྱིས་དབང་ཆ་སྤྲད་པའི་ཞལ་འདེབས་དངུལ་བསྡུ་ལེན་སྒྲིག་གཞིར་ཞིང་ལས་དངུལ་ཁང་དུ“ཞལ་འདེབས་དངུལ”ཞེས་བྲིས་པའི་དངུལ་བསྐུར་ལེན་དང་དངུལ་སྒྱུར་ལས་སྒོ་གཉེར་བ་སོགས་ཀྱི་འགྲོ་གྲོན་ཡང་བསྡུ་གི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།