འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་རིའི་འདབས་ཀྱི་དགེ་འདུན་པ་བཀོད་སྒྲིག་ཡག་པོ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཇོ་རིའི་སྒར་ས་ཆེ་མོའི་ཉེ་འགྲམ་དུ་གནས་པའི་རོང་པོ་དགོན་གྱི་དགེ་འདུན་པ་30དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་3ཚང་མ་དགོན་པའི་འགྲམ་གྱི་ཐང་སྟེང་དུ་གུར་ནང་བདེ་འཇགས་ངང་གནས་་སྤོས་ཏེ་ས་ཡོམ་ལས་གཡོལ་བས་མི་སྣ་རྨས་སྐྱོན་བྱུང་མེད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ལས་ཇོ་རིའི་འདབས་སུ་གནས་པའི་དིང་རི་རྫོང་རོང་ཤར་ཤང་ས་ཡོམ་ཁུལ་དུ་གངས་བབས་པའི་རྐྱེན་གྱིས་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་བཅས་ཆད་ནས་གུར་དང་། བཟའ་བཅའ། དུག་སེལ་སྨན་རྫས་སོགས་དགོས་མཁོ་ཆེ་བའི་དངོས་ཟོག་དེ་ཁུལ་དུ་དབོར་ཐབས་བྲལ་བ་རེད།
         གནས་སྐབས་ཕུབ་པའི་གུར་ནང་དགེ་འདུན་པས་རྐྱེན་ལམ་དུ་ཤོར་མཁན་ལ་འདས་མཆོད་བྱེད་པ་མ་ཟད། གསོན་པོར་སྡོད་མཁན་རྣམས་སྔ་ཙམ་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་བའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་པ་རེད། རྒྱལ་པོས“སྲིད་གཞུང་གིས་དུས་ཐོག་ཏུ་ཉེན་སེལ་གུར་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ང་ཚོས་གེགས་སེལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།