འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་འཕྲུལ་ལོ་ཙཱའི་མ་ལག་ཚོད་ལྟའི་
    བེད་སྤྱོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་24ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་འཕྲུལ་ལོ་ཙཱའི་མ་ལག་ཚོད་ལྟའི་
བེད་སྤྱོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་དང་བྱང་ཤར་སློབ་ཆེན་གྱི་རང་བྱུང་བརྡ་སྐད་སྒྲིག་བཅོས་ཚོད་ལྟ་ཁང་གཉིས་མཉམ་འབྲེལ་སྒོས་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་འཕྲུལ་ལོ་ཙཱའི་མ་ལག་དངོས་སུ་ཚོད་ལྟའི་བེད་སྤྱོད་བྱས་པ་རེད། (http://www.mzywfy.org.cn/)མ་ལག་འདིར་འཛམ་གླིང་གི་རིག་འཕྲུལ་ལོ་ཙཱའི་ལག་རྩལ་རྩེ་གྲར་གྱུར་པའིNiuTransལག་རྩལ་བེད་སྤྱད་ཡོད་ལ། Wedདྲ་རྒྱའི་ཞབས་ཞུ་འཕྲུལ་ཆས་ལ་བརྟེན་ནས་དྲ་འཇུག་ཐུབ་པ་དང་ཐེངས་གཉིས་པར་གསར་སྤེལ་བྱས་པའི་ལོ་ཙཱ་སྤྲིན་APIཡི་མཐུད་ཁ་བེད་སྤྱོད་གཏོང་ཆོག  འདི་ནི་རྒྱལ་ནང་གི་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཕན་ཚུན་ལོ་ཙཱ་བྱེད་པའི་མ་ལག་ཐོག་མ་ཡིན་ལ། འདིས་བོད་དང་། སོག་པོ། ཡུ་གུར། ཧ་སག  ཁྲའོ་ཞན་བཅས་མི་རིགས་ལྔའི་སྐད་ཡིག་དེ་རྒྱ་ཡིག་དང་ཕན་ཚུན་ལོ་ཙཱ་བྱེད་ཐུབ་པར་མ་ཟད། རང་སྒྲིག་བྱེད་པའི་ནུས་པ་ལྡན་ཞིང་། ལོ་ཙཱ་བྱས་ན་མགྱོགས་ལ། འགྱུར་ཡིག་ཅུང་ཡང་དག་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་སུ་བེད་སྤྱོད་གཏོང་བཞིན་ཡོད།
         རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་འཕྲུལ་ལོ་ཙཱ་བྱེད་པའི་མ་ལག་བེད་སྤྱད་ན། མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ལ་སྔར་ལས་ལྷག་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ངེས་རེད། ཚགས་པར་ཁང་དང་། དཔེ་སྐྲུན་ཁང་། དུས་དེབ་ཁང་། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་ལོ་ཙཱའི་ལས་ཁུངས་ཀྱིས་མ་ལག་འདི་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་ཆོག་ལ། དེ་དག་གི་ལོ་ཙཱའི་ལས་ཀ་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད། ལས་ཕྱོད་ཇེ་ཆེ་དང་འགྱུར་ཡིག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐུབ་ངེས་རེད། མ་ལག་འདི་མི་འགྱང་བར་མི་རིགས་སྐད་གདངས་དབྱེ་འབྱེད་མ་ལག་དང་མཉམ་འབྲེལ་བྱེད་འཆར་ཡོད་པས། མི་རིགས་སྐད་རིགས་ཀྱི་སྐད་གདངས་ལ་དབྱེ་འབྱེད་ཞིབ་དཔྱད་བྱེད་ཐུབ་རྒྱུ་རེད།
         མིག་སྔར། མ་ལག་འདིས་ད་ཡོད་གཞི་གྲངས་ལ་བརྟེན་ནས་སྲིད་དོན་ཡིག་ཆ་ལོ་ཙཱ་བྱེད་པའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། མ་འོངས་པར་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཚིག་རྐང་ཤན་སྦྱར་གྱི་གཞི་གྲངས་ཀྱི་གྲངས་འབོར་རྒྱུན་མ་ཆད་པར་ཇེ་མང་དུ་བཏང་བ་དང་། བརྡ་སྤྲོད་ཀྱི་སྒྲིག་གཞི་ལེགས་བསྒྱུར་དང་འཐུས་ཚང་དུ་བཏང་བ་དང་བསྟུན་ནས། རིམ་བཞིན་ཁྱབ་ཁོངས་གཞན་དག་གི་ལོ་ཙཱའི་ཆུ་ཚད་ཇེ་མཐོ་དང་གྲུབ་འབྲས་ཇེ་ལེགས་སུ་བཏང་སྟེ།   བེད་སྤྱོད་གཏོང་མཁན་གྱི་འདོད་བློ་སྐོང་ཅི་ཐུབ་བྱ་རྒྱུ་ཡིན་ནོ། །
      

    ཕྱོགས་བསྡུས་གསར་འགྱུར།