འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་བྱུང་བའི་ས་ཡོམ་ལས་བོད་ལྗོངས་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་25ལ་འཕར་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་28ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན་གྱི་ཆུ་ཚོད་21སྟེང་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཡོམ་འགོག་གནོད་སེལ་བྱ་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ་ནེ་པ་ལར་བྱུང་བའི་ས་ཡོམ་ལས་བོད་ལྗོངས་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་25དང་རྨས་སྐྱོན་ཕོག་མཁན་117ལ་འཕར་བ་དང་། དུས་ཚོད་རིང་དུ་སོང་བ་དང་ཆབས་ཅིག་ ཤི་རྨས་བྱུང་བའི་མི་གྲངས་ཕལ་ཆེར་ད་དུང་འཕར་སྣོན་བྱུང་སྲིད། 
         ཟླ་4ཚེས་27ཉིན་ནེ་པ་ལའི་ནང་སྲིད་པུའུ་ཡིས་བཤད་པ་ལྟར་ན། ས་ཡོམ་ཚབས་ཆེན་བྱུང་བ་ལས་ནེ་པ་ལའི་རྒྱལ་ནང་དུ་མི་གྲངས་3904རྐྱེན་ལམ་དུ་ཤོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།