འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་རེས་སྐོར་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་གྲོས་མོལ་རི་ནེ་ཝར་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་11ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་2015ལོའི་རེས་སྐོར་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་གྲོས་མོལ་རི་ནེ་ཝར་འགོ་ཚུགས་པ་དང་གྲོས་མོལ་གྱི་དམིགས་ཡུལ་ནི་འདི་ལོའི་ལོ་མཇུག་ཏུ་ཕ་རི་སིའི་གནམ་གཤིས་ཚོགས་ཆེན་ཐོག་གྲོས་མཐུན་གསར་པ་འཇོག་ཐུབ་པའི་གྲ་སྒྲིག་བྱེད་པའི་ཆེད་དུ་རེད།
          རེས་སྐོར་འདིའི་གྲོས་མོལ་ཉིན་དྲུག་བྱ་རྒྱུ་དང་ལས་འགན་གཙོ་བོ་ནི་ན་ནིང་ལོ་མཇུག་ཏུ་འཚོགས་པའི་ལི་མ་གནམ་གཤིས་ཚོགས་ཆེན་ཐོག་གི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་རེད། དེའི་རིང་གྲོས་མོལ་ཕྱོགས་ཁག་གིས་ལི་མ་གནམ་གཤིས་ཚོགས་ཆེན་ཐོག་གྲོས་མཐུན་བྱུང་བའི་ཤོག་ལྷེ་37ཡོད་པའི་གྲོས་མཐུན་འཆར་ཟིན་ཉུང་འཕྲི་བྱས་ནས་ཟླ་བ་ལྔའི་གོང་དུ་ཕ་རི་སིའི་གནམ་གཤིས་ཚོགས་ཆེན་གྱི་གྲོས་མཐུན་གསར་པའི་སྐོར་གྱི་གྲོས་མོལ་འཆར་ཟིན་ཞིག་ཆགས་པ་བྱ་རྒྱུ་རེད།
          ལི་མ་གནམ་གཤིས་ཚོགས་ཆེན་གྱི་གྲོས་ཆོད་ནང་2015ལོར་གྲོས་མཐུན་འཇོག་ཐུབ་པའི་གནམ་གཤིས་ཀྱི་འགྱུར་ལྡོག་གསར་པར་ཁ་གཏད་གཅོག་རྒྱུའི་སྐོར་གྱི་གྲོས་མཐུན་གསར་པའི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་སྔོན་དཔག་བྱས་ནས་སྔར་བས་ཞིབ་པར་བཀོད་པ་དང་། ཕྱོགས་ཁག་གིས་2015ལོར་འཆར་ཟིན་སྔར་བས་བཟོ་རྒྱུ་དང་འབྲེལ་གྲོས་མཐུན་འཆར་ཟིན་འདོན་རྒྱུར་རྨང་གཞི་བཏིང་བ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་མང་གྲོས་མོལ་བརྒྱུད་2015ལོར་གྲོས་མཐུན་ཡོང་བའི་འགན་ལེན་བྱ་རྒྱུའི་བརྡ་རྟགས་ཡག་པོ་ཞིག་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།