འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སའི་མི་རིགས་ཁག་གི་མི་སྣས་དཔྱིད་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་11ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།རྒྱལ་སའི་མི་རིགས་ཁག་གི་མི་སྣས་དཔྱིད་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།
           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཚེས་9ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སའི་མི་རིགས་ཁག་གི་མི་སྣས་དཔྱིད་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། རྒྱལ་སའི་མི་རིགས་ཁག་གི་གྲོགས་པོ་600ལྷག་ཙམ་དགའ་སྤྲོ་མཉམ་འཛོམས་ཀྱིས་དཔྱིད་གསར་བསུས་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་གསུང་བཤད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ཇ་སྟོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
           བློ་མཐུན་སུན་ཁྲུན་ལན་གྱིས་2014ལོ་ནི་མི་རིགས་ལས་དོན་ལོ་རྒྱུས་ཐོག་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་འཐབ་ཇུས་ལས་འགན་སྔར་བས་གསལ་བཟོ་གནང་བ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་འབད་འབུངས་སྟོབས་བརྩོན་བཅས་བྱས་པར་བརྟེན་མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད་ཅེས་གསུངས་པ་རེད།
           སུན་ཁྲུན་ལན་གྱིས་མིག་སྔར་མི་རིགས་བྱ་གཞག་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་གནས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ས་ཁོངས་གསུམ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གལ་ཆེན་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན། མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་ལས་འགན་ཁག་ལེགས་གྲུབ། མི་རིགས་དབར་ཕན་ཚུན་འགྲོ་འོང་དང་སྤེལ་རེས་ཟབ་ཏུ་གཏོང་བ། སྔར་བས་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།