མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་གཙང་སྐྱོང་ལས་དོན་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་10ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་གཙང་སྐྱོང་ལས་དོན་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་གཙང་སྐྱོང་ལས་དོན་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གནང་བ་རེད། ཁོང་གིས་སྲིད་གཞུང་དང་སྡེ་ཁག་ རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ནན་ཏན་བྱས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་བཀོད་སྒྲིག་ལྟར་བསྒྱུར་བཅོས་ཟབ་སྤེལ་དང་། ཁྲིམས་ལྟར་སྲིད་འཛིན། སྤྱོད་བཟང་སྒྲིག་ནན། སྲིད་དོན་གཙང་བརྩོན་བཅས་བྱས་ནས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བ་བཅས་ཀྱི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་སྟེ་དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་། ཝངས་དབྱང་། མ་ཁའེ། རྒྱལ་དོན་ཨུ་ཡོན་ཁྲང་ཝན་ལི། ཀུའོ་ཧྲེང་ཁུན། ཝང་ཡུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། རྒྱལ་དོན་ཨུ་ཡོན་དབྱང་ཅིན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་གཙང་སྐྱོང་ལས་དོན་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།