མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་༼ སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྤེལ་
བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ ༽ཞེས་པ་པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་10ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་༼ སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ ༽ཞེས་པ་པར་འགྲེམས་བྱས། ༼ བསམ་འཆར་ ༽ནང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ངོ་བོ་མཚན་ཉིད་དང་གཞི་རྩའི་ནང་དོན་གསལ་བཤད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གལ་ཆེའི་དོན་སྙིང་དང་། སློབ་སྟོན་བསམ་བློ། གཞི་རྩའི་རྩ་དོན། ཐབས་ལམ་བྱ་རིམ་བཅས་རྒྱས་བཤད་བྱས་ནས་གནས་བབ་གསར་པའི་འོག་སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་སོགས་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་འདུག