འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་ཟི་ལིང་བབས་ཚུགས་དང་ལྷ་གཞིས་ལྕགས་ལམ་ཐོག་དཔྱིད་འདྲེན་
    ཐེངས་དང་པོ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་06ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་4ཉིན་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་དང་། ན་ནིང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པའི་མཚོ་བོད་ལྕགས་ལམ་གྱི་འགོ་འཛུགས་ས་ཟི་ལིང་བབས་ཚུགས་དང་གསར་དུ་འདྲུས་པའི་བཀའ་འགྱུར་ཕུག་ལམ་དང་དེ་བཞིན་ན་ནིང་ཟླ་8པར་ཤར་གཏོང་ཐུབ་པའི་ལྷ་གཞིས་ལྕགས་ལམ་བཅས་སུ་དཔྱིད་གསར་སྐྱེལ་འདྲེན་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད།
         དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལེགས་པར་སྒྲུབ་ཆེད། ཟི་ལིང་ལྕགས་ལམ་སྤྱི་བདེ་ཁྲུའུ་མེ་འཁོར་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྔ་སྣུར་དུ་གྲ་སྒྲིག་ཨང་བསར་བྱས་ནས་མེ་སྐྱོན་སྔོན་འགོག་དང་། གཏུམ་འགོག གཏོར་བཤིག་སྔོན་འགོག་བཅས་གཙོ་གནད་དུ་འཛིན་ཏེ་བདེ་འཇགས་ཞིབ་བཤེར་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། གྱོད་གཞི་སྔོན་འགོག་གཙོ་གནད་དུ་འཛིན་ནས་བདེ་འཇགས་སྒྲིག་ལམ་བཅོས་སྒྲིག་བྱེད་ནན་དུ་བཏང་བ། སྒྲིག་འགལ་སྔོན་འགོག་དང་ལྷོད་གཡེང་སྔོན་འགོག་གཙོ་གནད་དུ་འཛིན་ནས་ཉེན་རྟོག་དཔུང་ཁག་ལ་སློབ་གསོ་དོ་དམ་བྱེད་ནན་དུ་བཏང་ཡོད་པ་རེད། ཁོ་ཚོས་མི་དམངས་ཉེན་རྟོག་པ་ཟུར་འཐེན་གྱིས་དྲིལ་བསྒྲགས་ཡན་ལག་རུ་ཁག་བཙུགས་ཏེ་མེ་འཁོར་ཐོག་བསྐྱོད་དེ་བདེ་འཇགས་དྲིལ་བསྒྲགས་ཞབས་འདེགས་ཞུས་པ་དང་འབྲེལ་མེ་འཁོར་སྤ་སེ་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི“རྔོན་ཁྲ—2015ལོ”ཞེས་པའི་ཆེད་དོན་བྱ་སྤྱོད་སྔ་སྣུར་དུ་སྤེལ་བ་རེད།
         དེའི་རིང་མཚོ་བོད་ལྕགས་ལམ་ཀུང་སིས་ཉིན་ལྟར་ཕར་འགྲོ་ཚུར་འོང་གི་འགྲུལ་སྐྱེལ་མེ་འཁོར་32གཏོང་བའི་རྨང་གཞིའི་ཐོག་ཟི་ལིང་ནས་རྒྱ་མདོ་བར་ཤུགས་འགྲེམས་མེ་འཁོར་གྱི་འགྲུལ་སྐྱེལ་མེ་འཁོར་གཉིས་མང་དུ་བཏང་བ་དང་། ཟི་ལིང་ནས་གཏེར་ལེན་ཁ་དང་ཟི་ལིང་ནས་གོར་མོ་བར་འགྲུལ་སྐྱེལ་མེ་འཁོར་གཉིས་མང་དུ་བཏང་བའི་ཁར་པེ་ཅིང་དང་། ཁྲེང་ཏུའུ། གོར་མོ་སོགས་མི་སྣ་འགྲོ་མང་བའི་ཁ་ཕྱོགས་སུ་མེ་འཁོར་མང་དུ་བཏང་ཡོད་པ་རེད། ལྷ་ས་དང་གོར་མོ་སོགས་གཙོ་གནད་མེ་འཁོར་བབས་ཚུགས་སུ“ཚོན་མདོག་རྣམ་པར་བཀྲ་བའི་ཁ་བཏགས”དང“ཁུ་ནུའི་ས་ཚུགས”“མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད་པ་དང་། ཟི་ལིང་དང་། གོར་མོ། ལྷ་ས་བཅས་མེ་འཁོར་བབས་ཚུགས་སུ“དབང་པོ་སྐྱོན་ཅན་ལ་ཆེད་མངགས་སྤ་སེ་ཚོང་ཡུལ”བཙུགས་ནས་དབང་པོ་སྐྱོན་ཅན་འགྲུལ་པར་སྟབས་བདེའི་ཞབས་འདེགས་ཞུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།