འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་གློག་རྡུལ་སློབ་མའི་སྐྱིད་སྡུག་
    ཨང་གྲངས་ངོ་མ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་06ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་དྲ་ཚིགས་ཐོག་སྤྱི་ཟླ་2ཚེས་2ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སློབ་གསོ་པུས་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྐྱིད་སྡུག་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་མའི་སྐྱིད་སྡུག་ཨང་གྲངས་ངོ་མ་སྤྲད་ཅིང་། མིག་སྔར་ས་གནས་ཁག་གིས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་བཞིན་ཡོད་པ་རེད། སློབ་མའི་སྐྱིད་སྡུག་མ་ལག་དེས་སློབ་འདེམས་བཅོས་སྒྲིག་དང་། སློབ་མའི་རོགས་རམ། མཉམ་སྤོས་བུ་ཕྲུག་སོགས་ཀྱི་ལས་དོན་ཐད་ལག་རྩལ་གྱི་དམ་འཛིན་བྱ་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྐྱིད་སྡུག་ཆ་འཕྲིན་དོ་དམ་མ་ལག་དེ་ནི་2014ལོའི་ཟླ་1ཚེས་10ཉིན་ནས་བཟུང་རྒྱལ་ཡོངས་དྲ་སྦྲེལ་བྱས་ནས་འཁོར་སྐྱོད་ཚོད་ལྟ་བྱས་པ་དང་། སློབ་གསོ་པུས་ཆ་འཕྲིན་འཚོལ་སྡུད་ཐེངས་དང་པོ་བྱས་རྗེས་སློབ་མའི་ཐོབ་ཐང་གི་གཞི་རྩའི་ཆ་འཕྲིན་ལྟེ་བར་བྱེད་པའི་གྲངས་གཞི་ཡང་དག་ཡིན་པའི་འགན་ལེན་བྱེད་ཆེད། སྤྱི་བདེ་པུའི་མི་འབོར་ཆ་འཕྲིན་དོ་དམ་མ་ལག་དང་དེ་བཞིན་རྒྱལ་ཁབ་མི་འབོར་གཞི་རྩའི་ཆ་འཕྲིན་མཛོད་སྤྱད་དེ་སློབ་མའི་གྲངས་གཞིར་བདེན་མིན་ཞིབ་བཤེར་བྱས་རྗེས་ཡང་དག་པའི་རིགས་ལ་རྒྱལ་ཡོངས་ནས་འབའ་ཞིག་ཡིན་པའི་སློབ་མའི་སྐྱིད་སྡུག་ཨང་གྲངས་ངོ་མ་སྤྲད་པ་རེད། སློབ་མའི་སྐྱིད་སྡུག་ཨང་གྲངས་ངོ་མ་སྤྲད་པའི་ཐོག་ནས་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྐྱིད་སྡུག་ཆ་འཕྲིན་དོ་དམ་མ་ལག་དེ་དངོས་སྤྱོད་བརྒྱུད་རིམ་གསར་པ་ཞིག་ཏུ་སླེབས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་བསྡུ་སློབ་ཞུགས་དང་། སློབ་མའི་སྐྱིད་སྡུག་ཐོ་འགོད། སློབ་མའི་སྐྱིད་སྡུག་ཡིག་ཚགས་དོ་དམ། སློབ་རིམ་འཕར་བ། སློབ་གྲྭ་ཐོན་པ། འཚར་ལོངས་བྱུང་རིམ་སོགས་ཐད་ཉིན་རེ་ལས་ཉིན་རེར་གལ་ཇེ་ཆེར་འགྲོ་བའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་ཡིན་པ་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།