འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལོ་རྒྱུས་སྟེང་གི་ཇོ་བོ་རིན་པོ་ཆེ་བཞི་ངོ་སྤྲོད། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    བསྟན་པ་ཕྱི་དར་གྱི་མགོར་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་མངའ་རིས་ཇོ་བོ།
    བསྟན་པ་ཕྱི་དར་གྱི་མགོར་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་མངའ་རིས་ཇོ་བོ།
          གསུམ་པ་ནི། བསྟན་པ་ཕྱི་དར་གྱི་མགོར་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་མངའ་རིས་ཇོ་བོ་ཡིན། ཇོ་བོ་འདི་བཞེངས་བྱེད་ཀྱི་རྒྱུ་ཆའི་ཐད་ནས་གསེར་དངུལ་དང་གཡུ་བྱུར། མུ་མེན། མུ་ཏིག་ལ་སོགས་པ་འཇིག་རྟེན་ན་རྙེད་པར་དཀའ་བའི་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པས་རིན་ཐང་གཞལ་དུ་མེད་ལ། ལོ་རྒྱུས་ཀྱི་ཐད་ནས་བསྟན་པ་ཕྱི་དར་གྱི་མགོ་ནས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ། བྱིན་རླབས་གྱི་ཐད་ནས་བརྗོད་ནའང། ལོ་ཙཱ་བ་རིན་ཆེན་བཟང་བོ་དང་མཉམ་མེད་ཇོ་བོ་རྗེ་ལ་སོགས་པའི་སངས་རྒྱས་དངོས་དང་མཚུངས་པའི་སྐྱེས་ཆེན་དམ་པ་དག་གིས་བྱིན་གྱིས་རླབས་པའི་རྟེན་མཆོག་བླ་ན་མེད་པ་ཞིག་ཡིན།
          བཞི་བ་ནི། མདོ་སྨད་ཀྱི་ཁྲི་ཀའི་ཇོ་བོ་ཡིན། ཇོ་བོ་འདི་ནི་འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་གོ་དན་རྒྱལ་པོས་གདན་ཞུས་སྐབས། རྒྱལ་པོས་ཁོང་ལ་མུ་ཏིག་དྲེལ་ཁལ་གཅིག་ཕུལ། དེ་ནས་དམ་པ་ཁོང་ཉིད་ཕྱིར་ཁྲི་ཀའི་གནས་འདི་བརྒྱུད་སྐབས་དྲེལ་ཉལ་བསྡད་ནས་མ་སོང་བས། ཁོང་གིས་རྟེན་འབྲེལ་འགྲིག  ཇོ་བོ་རིན་པོ་ཆེའི་གདུལ་བྱ་གནས་འདིར་ཡོད་གསུངས་ནས། མུ་ཏིག་རྡོག་པོ་སྦྲེལ་ཏེ་ཇོ་བོ་ཞིག་བཞེངས་པ་དེ་ཡིན་ལ། འདི་ལ་ཕལ་ཆེར་ལོ་ངོ་བརྒྱད་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་མོད། ཡིན་ནའང་རིག་གནས་གསར་བརྗེའི་སྐབས་སུ་གཏོར་སྐྱོན་བྱུང་བ་རེད། ༼ མཚོ་སྔོན་པོ་དྲ་བ་ལས་དྲངས། ༽
    【1】  【2】
    མདོ་སྨད་ཀྱི་ཁྲི་ཀའི་ཇོ་བོ།
    མདོ་སྨད་ཀྱི་ཁྲི་ཀའི་ཇོ་བོ།
      

    ཕྱོགས་བསྡུས་གསར་འགྱུར།