འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ད་དུང་མཚམས་འཇོག་བྱས་མེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཧྥ་རན་སིའི་ཧྲའར་ལི་གཟའ་རེའི་དུས་དེབ་ཅེས་པའི་ཕ་རི་སིའི་སྤྱི་ཁྱབ་པུར་ཟླ་བ་འདིའི་ཚེས་བདུན་ཉིན་འཇབ་རྒོལ་ཕོག་ནས། ཡོ་རོབ་སྐམ་ས་ཆེན་མོར་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་བརྡ་བཏང་ཡོད། ཉིན་ཤས་བསྟུད་མར། ཧྥ་རན་སི་དང་པེར་གྲེམ་དང་། འཇར་མན། ཨོ་སི་ཁྲུ་ལི་ཡ། ཕོ་ལན་སོགས་རྒྱལ་ཁབ་ཀྱིས་གཅིག་མཇུག་གཉིས་མཐུད་སྒོ་ནས་བྱ་ཐབས་བཟུང་ཏེ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རིམ་པ་མཐོ་རུ་བཏང་བའམ་སྔོག་འགོག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་གནས་དེ་གའི་བདེ་འཇགས་སྲུང་སྐྱོབ་དམག་འཁྲུག་རྒྱག་འགོ་ཚུགས་ཡོད་པ་རེད།
         ཧྥ་རན་སིའི་ཙུང་ལིའི་ལས་ཤག་གི་དྲ་ཚིགས་ཐོག་ཉེ་དུས་བརྡ་ཐོ་བཏང་ནས། བདེ་འཇགས་སྡེ་ཁག་གིས་གསར་འགྱུར་ལས་ཁུངས་དང་ཚོང་ར་ཆེ་གྲས། འགྲེམ་འགྲུལ་མ་ལག ཆོས་ལུགས་ཚོགས་ར་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱིས་བེད་སྤྱོད་བྱེད་ཆོག་པའི་ནུས་ཤུགས་ཚང་མ་བེད་སྤྱད་དེ། མཚོ་འཇགས་ལ་དོགས་ཟོན་བྱེད་དགོས་པའི་འཆར་གཞིའི་ཁྱབ་ཁོངས་ནང་། དམངས་དོན་དང་དམག་ཕྱོགས་ལ་རོགས་སྐྱོར་མི་སྣ་ཁ་སྣོན་རྒྱག་རྒྱུ་བཀོད་སྒྲིག་བྱེད་དགོས་པའི་སྐུལ་སློང་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
         འཇར་མན་ནང་སྲིད་པུའུ་ཡིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཆར་གཞི་བཟོས་པ་ཁྱབ་བསྒྲགས་ཡོད་པ་དང་། དེའི་ནང་། ཐལ་སྐྱོད་པས་ལྟ་སྐུལ་དང་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱི་རྒྱལ་ནས་ཡོང་བའི་གནམ་གྲུའི་ནང་གི་འགྲུལ་པར་རྩད་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྒྲིག་ཆས་སོགས་རིམ་པ་སྤར་རྒྱུ་དང་ཁ་སྣོན་རྒྱག་རྒྱུ་ཚུད་ཡོད་པ་རེད།
         ཨོ་སི་ཁྲུ་ལི་ཡའི་ནང་སྲིད་པུའུ་ཡིས་བདེ་འཇགས་ཀྱི་སྔོན་འགོག་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་གཙོ་གནད་སྲུང་སྐྱོང་དམིགས་འབེན192གཏན་འཁེལ་བྱས་པ་དང་། དེ་དག་སྲིད་གཞུང་དང་ནུས་པའི་འབྱུང་ཁུངས། འགྲིམ་འགྲུལ། ཆུ་བེད། དངུལ་རྩ། འཕྲིན་གཏོང་སོགས་དང་འབྲེལ་བ་ཡོད་པ་རེད།
         ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ཡི་ཉེན་རྟོག་ཅུད་ཀྱིས་མ་གཞི་ཕོ་ལན་ལ་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་ཁ་ཆེན་པོ་དེ་ཙམ་འཕྲད་མེད། ཡིན་ནའང་ཧྭ་ཧྲ་ཡིས་ཉེན་རྟོག་པས་སྐོར་ཞིབ་བྱེད་པའི་སྟོབས་ཤུགས་དང་། ལྷག་དོན་དུ་ས་འོག་ལྕགས་ལམ་གྱི་འབབ་ཚིགས་དང་གནམ་གྲུ་ཐང་སོགས་མི་སྣ་མང་བའི་ཚོགས་རར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་སུ་གཞུང་ཚབ་ཆེན་མོ་ཁང་གི་བདེ་སྲུང་བྱེད་ཤུགས་ཆེ་དུ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།