འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།༼ བོད་ཡིག་ཚིག་གཏེར་རྒྱ་མཚོ་ ༽ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༼ བོད་ཡིག་ཚིག་གཏེར་རྒྱ་མཚོ་ ༽ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཐོབ་པ།
         སྤྱི་ཟླ༡ཚེས༡༢ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་མཛད་པའི་༼ བོད་ཡིག་ཚིག་གཏེར་རྒྱ་མཚོ་ ༽ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཨང་གསུམ་པ་ཐོབ་འདུག
          ༼ བོད་ཡིག་ཚིག་གཏེར་རྒྱ་མཚོ་ ༽ནི་༢༠༠༤ ལོ་ནས་བཟུང་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས་ཤིང་ལས་རོགས་མང་པོ་ཞིག་གི་རོགས་རམ་དང་རྒྱབ་སྐྱོར་ལ་བརྟེན་ནས་གྲུབ་པའི་དཀའ་སྤྱད་ཀྱི་འབྲས་བུ་ཡིན་ལ། ཚིག་མཛོད་འདི་ནི་སྔར་ཡོད་ཀྱི་མིང་མཛོད་རྙིང་པ་དང་མདོ་རྒྱུད་གཞུང་ལུགས་རྣམས་ཀྱི་ཐ་སྙད་བསྡུ་རུབ་བྱས་པའི་རྨང་གཞིའི་ཐོག བོད་ཀྱི་དམངས་ཁྲོད་ཐ་སྙད་མང་པོ་གཅིག་ཏུ་བསྡུས་ཤིང་དེ་དག་ལ་གང་འཚམ་ཀྱིས་འགྲེལ་བརྗོད་བྱས་ཏེ་གྲུབ་པའི་དཔེ་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པ་དང་། ༢༠༡༢ ལོའི་ཟླ་༧ པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
    ༄༅།།༼ བོད་ཡིག་ཚིག་གཏེར་རྒྱ་མཚོ་ ༽ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།