འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རེས་སྐོར་གསར་པའི་རེ་ནེ་ཝའི་དབྱི་རན་རྡུལ་ཉིང་གནད་དོན་གྱི་དབྱེ་འབྱེད་གྲོས་མོལ་
    གྱིས་ཐུན་མོང་ངོས་འཛིན་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། དབྱི་རན་རྡུལ་ཉིང་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ། འཇར་མན་བཅས་དང་དབྱི་རན་བར་སྤྱི་ཚེས18ཉིན་རེས་སྐོར་གསར་པའི་རེ་ནེ་ཝའི་དབྱི་རན་རྡུལ་ཉིང་གནད་དོན་སྐོར་གྱི་ཁྱོན་ཡོངས་གྲོས་མཐུན་གྱི་དབྱེ་འབྱེད་གྲོས་མོལ་བྱས་ཡོད།
         ཀྲུང་གོའི་ཕྱི་འབྲེལ་པུའི་དམག་དོན་ཚོད་འཛིན་སིའི་འགོ་འཛིན་ཝང་ཆུན་གྱིས་རེས་སྐོར་འདིའི་དབྱེ་འབྱེད་གྲོས་མོལ་ཛ་དྲག་དང་དངོས་གྲུབ། གཏིང་ཟབ་བཅས་བྱུང་ཏེ། ཐུན་མོང་ངོས་འཛིན་ཆེ་རུ་ཕྱིན་ཡོད། རེས་སྐོར་འདིའི་དབྱེ་འབྱེད་གྲོས་མོལ་བྱེད་རིང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་དྲུག་དང་དབྱི་རན་གྱི་དབྱེ་འབྱེད་གྲོས་མོལ་ཚོགས་པ་གཞན་དག་བར་ཕྱོགས་མང་དང་ཕྱོགས་གཉིས་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་རྒྱབ་སྟེ་དབྱེ་འབྱེད་གྲོས་མོལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐབས་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
         ཀྲུང་གོའི་ཕྱོགས་ནས། ཕྱོགས་ཁག་གིས་མིག་སྔའི་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་དུས་ཚོད་དམ་འཛིན་གྱིས། ད་ཡོད་ཀྱི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག གོམས་སྟབས་དབྱེ་བ་དང་འདྲ་མཉམ་ཟེར་བའི་ལས་འགན་ཆེན་པོ་དེ་ཡག་པོ་སྒྲུབ་དགོས་པ་མ་ཟད་ཆབ་སྲིད་ཀྱི་ཐག་གཅོད་ཞིག་བྱས་ནས། ཇུས་གཞི་རབ་དང་རིམ་པ་ཆགས་པ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་དྲུག་དང་དབྱི་རན་གྱི་མིག་སྔའི་འབད་བརྩོན་ལ་སྔ་ཙམ་གྲུབ་འབྲས་ཐོབ་ནས། གཉིས་ཕན་གཉིས་རྒྱལ་གྱི་ཁྱོན་ཡོངས་གྲོས་མཐུན་གང་སྔ་འཇོག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།