འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།༢༠༡༥ ལོའི་ཀྲུང་གོའི་མི་རིགས་སློབ་ཆེན་ཁག་གི་ཨང་རིམ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་15ཉིན། 08:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༢༠༡༥ ལོའི་ཀྲུང་གོའི་མི་རིགས་སློབ་ཆེན་ཁག་གི་ཨང་རིམ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༼ ༢༠༡༥ལོའི་ཀྲུང་གོའི་སློབ་ཆེན་དཔྱད་འཇོག་ཞིབ་འཇུག་སྙན་ཞུ་ ༽ཁྱབ་བསྒྲགས་ཡོད་ཅིང་། སྙན་ཞུ་དེའི་ནང་ཀྲུང་དབྱང་མི་རིགས་སློབ་ཆེན་༢༠༡༥ ལོའི་ཀྲུང་གོའི་མི་རིགས་རིགས་སློབ་ཆེན་གྱི་ཡང་རྩེར་སོན་འདུག་ལ་རྒྱལ་ཡོངས་སློབ་ཆེན་ཡོངས་ཀྱི་ཨང་༨༢པར་སླེབས་འདུག སློབ་གྲྭ་འདི་ནི་ཀྲུང་གོའི་རྒྱལ་ནང་གི་ཕྱོགས་བསྡུས་སློབ་སྒྲུབ་ཆ་རྐྱེན་ཆེས་ལེགས་པའི་མི་རིགས་སློབ་ཆེན་རེད། ཨང་གཉིས་པ་ནི་ཀྲུང་ནན་མི་རིགས་སློབ་ཆེན་ཡིན་ཞིང་རྒྱལ་ཡོངས་སློབ་ཆེན་གྱི་ཨང་༡༩༥པ་ཟིན་འདུག  ཨང་གསུམ་པ་ནི་ཡུན་ནན་མི་རིགས་སློབ་ཆེན་ཡིན་པ་དང་རྒྱལ་ཡོངས་ཀྱི་ཨང་༢༢༧པ། ཨང་བཞི་པ་ནི་ཀོང་ཞི་མི་རིགས་སློབ་ཆེན་ཏེ་རྒྱལ་ཡོངས་ཀྱི་ཨང་༢༥༣པ། བོད་ལྗོངས་མི་རིགས་སློབ་གླིང་དང་ལྷོ་ནུབ་མི་རིགས་སློབ་གླིང་གཉིས་ནི་ཨང་ལྔ་པ་སྟེ་རྒྱལ་ཡོངས་ཀྱི་ཨང་༣༡༣་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་ནི་ཨང་བདུན་པ་སྟེ་རྒྱལ་ཡོངས་ཀྱི་ཨང་༣༢༡པ། ནུབ་བྱང་མི་རིགས་སློབ་ཆེན་ནི་ཨང་བརྒྱད་པ་སྟེ་རྒྱལ་ཡོངས་ཀྱི་ཨང་༣༢༧པ། ཀུའེ་ཀྲུའུ་མི་རིགས་སློབ་ཆེན་ནི་ཨང་དགུ་པ་སྟེ་རྒྱལ་ཡོངས་ཀྱི་ཨང་༣༤༥པ། བྱང་ཕྱོགས་མི་རིགས་སློབ་ཆེན་ནི་ཨང་བཅུ་པ་སྟེ་རྒྱལ་ཡོངས་ཀྱི་ཨང་༣༣༥པ་བཅས་རེད། དེ་ལས་དོ་སྣང་བྱ་འོས་པ་ཞིག་ནི་རྒྱལ་ཡོངས་སུ་མི་རིགས་རིགས་ཀྱི་སློབ་ཆེན་གཅིག་ནི་༢༠༡༥ལོའི་ཀྲུང་གོའི་སློབ་ཆེན་ཡོངས་ཀྱི་ཨང་རིམ་སྔོན་མ་༡༠༠ཡི་གྲས་སུ་ཚུད་འདུག་པ་དང་། གཞན་སློབ་ཆེན་གཉིས་ནི་ཨང་རིམ་ཉིས་བརྒྱའི་གྲས་སུ་ཚུད་འདུག
      

    ཕྱོགས་བསྡུས་གསར་འགྱུར།