འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་ཝུ་ཁེ་ལན་གནད་དོན་གྱི་འབྲེལ་གཏུག་ཚོགས་ཆུང་གི་གྲོས་མོལ་གང་མགྱོགས་
    ངང་སླར་གསོ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཚེས༡༨ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུའི་ཕྱོགས་ཀྱིས་ཝུ་ཁེ་ལན་ཤར་རྒྱུད་ཀྱི་གདོང་ཐུག་ཕྱོགས་གཉིས་པོས་མྱུར་དུ་དམག་འཐབ་མཚམས་འཇོག་པའི་འདོད་ཚུལ་འཛིན་པ་དང་། ཝུ་ཁེ་ལན་གནད་དོན་གྱི་འབྲེལ་གཏུག་ཚོགས་ཆུང་གི་གྲོས་མོལ་གང་མགྱོགས་ངང་སླར་གསོ་ཡོང་བར་འབད་བརྩོན་བྱ་ངེས་ཡིན་ཞེས་བསྟན་ཡོད་པ་རེད།
        ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། མིག་སྔར་ཝུ་ཁེ་ལན་སྲིད་གཞུང་གིས་དྲག་ཞུགས་བརྒྱུད་ཝུ་ཁེ་ལན་ཤར་རྒྱུད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཕྱོགས་སྤྱད་དེ་ཝུ་ཁེ་ལན་ཤར་རྒྱུད་ཀྱི་ཏུང་ཉི་སི་ཁོ་མངའ་སྡེ་དང་ལོ་ཀན་སི་ཁོ་མངའ་སྡེའི་དམག་དོན་རྒྱ་ཆེར་གཏོང་རྩིས་ཡོད་པའི་རྐྱེན་གྱིས། ས་ཁུལ་དེའི་གནས་བབ་ཡང་བསྐྱར་ཇེ་སྡུག་ཏུ་བཏང་བ་རེད་ཅེས་བཀོད་ཡོད་པ་རེད།
         གསལ་བསྒྲགས་ནང་ཨུ་རུ་སུའི་ཕྱོགས་ཀྱིས་ཝུ་ཁེ་ལན་ཤར་རྒྱུད་གདོང་ཐུག་ཕྱོགས་གཉིས་པོས་མིང་སི་ཁོ་དམག་འཐབ་མཚམས་འཇོག་གི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པའི་འདོད་ཚུལ་བཟུང་ཡོད་པ་མ་ཟད། དེ་དང་དུས་མཚུངས་སུ་ཨུ་རུ་སུའི་ཕྱོགས་ཀྱིས་འབྲེལ་གཏུག་ཚོགས་ཆུང་གི་གྲོས་མོལ་ནང་ཞུགས་མཁན་དང་ཝུ་ཁེ་ལན་ཤར་རྒྱུད་ཀྱི་ཉམས་ཉེན་ལ་ཤུགས་རྐྱེན་བཟོ་ཐུབ་པའི་རྒྱལ་ཁབ་དག་གི་ཐུན་མོང་གི་འབད་བརྩོན་འོག གྲོས་མོལ་ཡང་བསྐྱར་མཚམས་མི་འཇོག་པའི་རེ་འབོད་བྱས་ཡོད་ཅེས་བཀོད་འདུག
      

    ཕྱོགས་བསྡུས་གསར་འགྱུར།