འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མུ་རའི་རྡོ་འབུམ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མུ་རའི་རྡོ་འབུམ་ནི་རྫ་ཆུ་ཁའི་དགེ་མང་ཡུལ་ཚོ་རུ་ཡོད་ལ། རྫོང་མཁར་དང་སྤྱི་ལེ53གྱིས་རྒྱང་བའི་སར་གནས་ཡོད། དུས་རབས་བདུན་པ་དང་བརྒྱད་པའི་བར་བཞེངས་པར་གྲགས། སྤྱི་ལོ1999ལོར་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་དུ་བཞག  སྤྱི་ལོ2008ལོར་ཞིང་ཆེན་རིམ་པ་དང་སྤྱི་ལོ2013ལོར་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་དུ་བཞག་པ་རེད། མུ་རའི་རྡོ་འབུམ་ནི་ནང་བསྟན་གྱི་གཞུང་དང་ལྷ་མང་པོ་བརྐོས་པའི་རྡོ་འབུམ་ལས་གྲུབ་ཅིང་། རིང་ཚད་ལ་རྨིད450དང་། ཞེང་ཚད་ལ་རྨིད9ནས15ཡི་བར། མཐོ་ཚད་རྨིད2.5ཡོད། རྡོ་འབུམ་ནང་ལ་སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྒྲོལ་མ། རྗེ་ཙོང་ཁ་པ། ཨོ་རྒྱན་རིན་པོ་ཆེ་སོགས་ལྷ་སྐུ་སྟོང་ལ་ཉེ་བ་ཡོད་པ་མ་ཚད། རྒྱལ་བའི་བཀའ་བསྟན་འགྱུར་དང་གཟུངས་སྔགས་གཙོས་བྱས་པའི་ཆོས་གཞུང་གི་སྐོར་ཡང་མང་པོ་ཡོད་པ་དེས་གནའ་བོའི་བོད་མི་རིགས་ཀྱི་རྡོ་བརྐོས་ལག་རྩལ་མངོན་པར་མཚོན་ཡོད།
          མུ་རའི་རྡོ་འབུམ་ནི་དུས་རབས10དང11བར་གྱི་གླིང་གི་སྐབས་སུ་ཧ་ཅང་སྐད་གྲགས་ཆེ་སྟེ། བོད་སེར་སྐྱ་མི་དམངས་རྣམས་ཀྱིས་ཕྱག་འཚལ་བསྐོར་ཡུལ་དུ་གྱུར། དུས་རབས18ལ་སོན་དུས་མུ་ར་སྐུ་ཕྲེང་དང་པོ་རིག་འཛིན་རྒྱ་མཚོ་རིན་པོ་ཆེས་ལྷག་བསམ་བཟང་པོས་རྒྱ་བསྐྱེད་བཏང་། མུ་ར་སྤྲུལ་སྐུ་ནི་ནང་བསྟན་ལ་སྦྱོང་བ་ཟབ་ཅིང་སྤྱོད་བཟང་བླ་ན་མཐོ་བས་ཀུན་གྱིས་རྡོ་འབུམ་དེ་ལ་མུ་རའི་མ་ཎི་ཞེས་འབོད། སྔ་ཕྱིས་སུ་མཁན་རབས་བླ་སྤྲུལ་མང་པོས་རབ་གནས་མཛད་པས་དེ་ནི་དད་ལྡན་པ་རྣམས་ཀྱི་དད་པའི་རྟེན་དུ་གྱུར། །
      

    ཕྱོགས་བསྡུས་གསར་འགྱུར།