གསར་འགྱུར་སྤེལ་དུས། 【2015ལོའི་ཟླ་ 01ཚེས་19ཉིན། 09:30】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་18ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་འཚོག་འགོ་ཚུགས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པདྨ་འཕྲིན་ལས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་གྲོས་ཚོགས་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུས་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་མི་དམངས་འཐུས་མི་385གྲོས་ཚོགས་སུ་ཞུགས་ཡོད་པ་རེད།
【1】
【2】
【3】
【4】