འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།གདང་ལའི་འབྲི་གཡག་དང་བོད་ལུག་ལ་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་ས་ཁམས་
    མཚོན་རྟགས་ཀྱི་དཔང་ཡིག་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ༼ མཚོ་སྔོན་ཉིན་རེའི་ཚགས་པར་ ༽ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱིས་རེ་ཞུ་བྱས་པའི་༼ གདང་ལའི་འབྲི་གཡག་དང་གདང་ལའི་བོད་ལུག་ ༽ལ་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་ས་ཁམས་མཚོན་རྟགས་ཀྱི་དཔང་ཡིག་(国家农产品地理标志证书)སྤྲད་པ་རེད།
         ༼ གདང་ལའི་འབྲི་གཡག་དང་གདང་ལའི་བོད་ལུག་ ༽གི་ཞིང་ཞོར་ཐོན་ཟོག་གི་ས་ཁམས་མཚོན་རྟགས་རེ་ཞུ་ལམ་ལྷོངས་བྱུང་བ་དེས་གོར་མོ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་གི་ས་ཁོངས་སྲུང་སྐྱོང་དང་གསར་སྤེལ་དང་། ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་གཏོང་། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་རྟགས་གཏོད་པ། ཞིང་འབྲོག་པའི་འབབ་འཕར་དང་ཞིང་འབྲོག་ལས་ཀྱི་ཕན་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཐད་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།