འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་
    གྲ་སྒྲིག་ཚོགས་འདུ་འཚོགས་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་
    ཚོགས་འདུ་ཐེངས་དང་པོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་19ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པས་གྲ་སྒྲིག་ཚོགས་འདུ་འཚོགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཞུགས་དགོས་པའི་འཐུས་མི་443ཡོད་པ་དང་གྲ་སྒྲིག་ཚོགས་འདུར་ཞུགས་པའི་འཐུས་མི་364ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་གྱི་ཡོད།
         གྲ་སྒྲིག་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་འདེམས་ཐོན་བྱུང་ཞིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་མི་57ལས་གྲུབ་པ་དང་ཀྲོའུ་ཁྲུན་ལའེ་ཚོགས་ཆེན་གྱི་དྲུང་ཆེ་ཡིན་པ་དང་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་བཀོད་སྒྲིག་གཞིར་བཟུང“ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི”བཅས་ལ་དམ་པོར་དམིགས་པ་དང་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་མཐའ་འཁྱོངས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྐུལ་སློང་གིས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པ་དེ་རེད་ཅེས་གསུངས་པ་རེད།
         པད་མ་འཕྲིན་ལས་ཀྱིས་འཐུས་མི་རྣམ་པས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་གྱི་སྙིང་སྟོབས་ཐོག་ནས་ཧྲུའུ་ཅི་ཁྲེན་ཆོན་གོའི“ཏང་གཤིས་ལ་སྣང་ཆེན་དང་། འགན་འཁྲིར་སྣང་ཆེན། ཆབ་སྲིད་ལ་སྣང་ཆེན། སྒྲིག་ཁྲིམས་ལ་སྣང་ཆེན། ཁྱོན་ཡོངས་ལ་སྣང་ཆེན”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཏེ་གྲོས་དོན་ཁག་ལ་གྲོས་ཞིབ་ནན་ཏན་དང་། འཐུས་མིའི་ཁེ་དབང་སྒམ་བརླིང་ལྡན་པའི་ངང་སྤྱོད་པ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་འདུན་པ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་དམངས་གཙོ་དང་མཐུན་སྒྲིལ་དང་། དངོས་བརྩོན་དངོས་སྒྲུབ། སྙིང་སྟོབས་ཆེར་བསྐྱེད་བཅས་ཀྱི་ཚོགས་ཆེན་ཞིག་དང་ཏང་ཨུད་ཐུགས་བློ་ཚིམ་པོ་ཡོང་བ་དང་། འཐུས་མི་བློ་ཡིད་ཚིམ་པ། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀརྨ་དང་། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ། ཀྲའོ་ཧོ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ལེ་ཏ་ཁེ། དྲུང་ཆེ་ཏོན་ཤང་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་ཁྲེན་ཆོན་གོ་དང་། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། ཞུས་ཡུང་། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལེན། ཙེང་དབན་མིང་སོགས་ཚོགས་འདུར་ཕེབས་པ་རེད།
         སླར་ཡང་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གོང་ཚེས་ཉིན་གྱི་ཕྱི་དྲོ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ད་ཐེངས་ཀྱི་ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་57ཡོད་པ་དང་དངོས་སུ་འབྱོར་བ་45ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         ཚོགས་འདུའི་ཐོག་ཁྲེན་ཆོན་གོ་དང་། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། པད་མ་འཕྲིན་ལས། ཝུའུ་དབྱིང་ཅེ། ཞུས་ཡུང་། ཏེའོ་གོ་ཤིན། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ། རྡོ་ཐོགས། ཝང་རུའེ་ལེན། ཝང་གཡུང་ཅུན། ཙེང་དབན་མིང་། ཀརྨ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ། ཀྲའོ་ཧོ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ལེ་ཏ་ཁེ་བཅས་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་འདུའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་གཏན་འཁེལ་བྱས་པ་རེད།
         ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཉིན་རེའི་གྲོས་རིམ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་ཚོགས་འདུའི་ཉིན་རེའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་དེ་ཟླ་1ཚེས་18ཉིན་འགོ་འཛུགས་རྒྱུ་དང་ཟླ་1ཚེས་22ཉིན་གྲོལ་རྒྱུའི་གཏན་འཁེལ་བྱས་པ་རེད།
         ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་ཚོགས་ཆུང་ཁག་བགོས་ཀྱི་མིང་ཐོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་གཏན་འབེབས་བྱས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་བརྡས་ཐག་གཅོད་ཐབས་གཏན་འབེབས་བྱས་པ། གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་གཏན་འབེབས་བྱས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།