འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱའི་སྤ་སེ་གསོག་ཉར་ལ་རྡུང་རྡེག་ནན་པོ་གཏོང་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་13ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དཔྱིད་འདྲེན་སྐབས་ཀྱི་སྤ་སེ་རག་དཀའ་བའི་གནས་ཚུལ་དངོས་ལ་དམིགས་ནས་རྒྱལ་ཡོངས་ཀྱི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་སྤ་སེ་གསོག་ཉར་དང་ལོག་ཚོང་ལ་རྡུང་རྡེག་ནན་པོ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད།
         ལྕགས་ལམ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་བྱ་སྤྱོད་ཁྲོད་ས་ཁུལ་ཁག་གི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་སྡེ་ཚན་མང་པོའི་མཉམ་འབྲེལ་གྱི་ལས་ཀ་བསྒྲུབས་ནས་དོགས་གཞི་ཆེ་བའི་གཞི་གྲངས་ཆ་འཕྲིན་ལ་རིམ་པ་བཞིན་ཞིབ་བཤེར་དང་། ཐོབ་ཐང་ཆ་འཕྲིན་རྫུན་སྤྱོད་དང་སྤ་སེ་གཡོ་ཉོའི་རིགས་རྟོགས་ཚེ་རིམ་པ་བཞིན་དཔྱད་བཤེར། སྤ་སེ་གསོག་ཉར་དང་རིན་གོང་སྤར་ནས་ལོག་ཚོང་བྱེད་རིགས་ལ་རྡུང་རྡེག་ནན་གཏོང་བཅས་བྱེད་ཀྱི་ཡོད་ཅིང་། གྱོད་གཞི་ཆེན་པོའི་ཁུངས་སྣེ་རྩད་ཆོད་ཚེ་ལྕགས་ལམ་སྤྱི་བདེ་ཅུས་ཀྱིས་གཅིག་གྱུར་ཐོག་མཐུན་སྦྱོར་དང་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།