མི་དམངས་དྲ་བ།

༄༅།།༼ཞིས་ཅིན་ཕིང་གི་ཏང་སྲོལ་ཡོ་བསྲང་དང་། སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་
དང་འཐད་རྩོད་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས་༽དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་13ཉིན། 08:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་ཀྲུང་དབྱང་གི་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་༼ཞིས་ཅིན་ཕིང་གི་ཏང་སྲོལ་ཡོ་བསྲང་དང་། སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་དང་འཐད་རྩོད་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས་༽ཞེས་པའི་དེབ་དེ། ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་དང་ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་སྦྲགས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་བཞེངས་པ་དང་། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཁྱོན་ཡོངས་ནས་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བཅས་གནང་སྟེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་ལ་འཆད་འགྲེལ་གཏིང་ཟབ་གནང་ཐོག་དུས་བབ་གསར་པའི་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་བསམ་བློའི་དྲག་ཆས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གནང་ཡོད། རྣམ་བཤད་གལ་ཆེན་དེ་དག་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་རྒྱུ་དེ་ནི་ཏང་ཡོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་། ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ཚུགས་ཟིན་ནུས་མཐའ་འཁྱོངས། ལངས་ཕྱོགས་དང་བྱེད་ཕྱོགས་སྲ་བརྟན། དམིགས་ཚད་དང་ལས་འགན་ལ་བསྡིགས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བཅས་བྱེད་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      ༼རྣམ་བཤད་གནད་བསྡུས་༽དེ་ཁྱོན་ཆེད་དོན་9ལ་དབྱེ་ཡོད་པ་དང་རྣམ་བཤད་དུམ་བུ་ཁག་216བསྡུས་ཡོད་པ་དེ་དག་བློ་མཐུན་ཞིས་ཅིན་ཕིང་གི་2012ལོའི་ཟླ་11ཚེས་15ཉིན་ནས་2014ལོའི་ཟླ་10ཚེས་23ཉིན་བར་གྱི་གསུང་བཤད་དང་། རྩོམ་ཡིག  མཆན་བཀོད་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་40ལྷག་ཙམ་ནང་ནས་གནད་བསྡུས་བྱས་པ་ཞིག་ཡིན་ཞིང་། དེའི་ནང་རྣམ་བཤད་མང་དག་ཅིག་ནི་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།
       ཉིན་ཤས་གོང་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཐོག་གོ་བ་གཏིང་ཟབ་ལེན་པ་དང་མཐའ་གསལ་མཐིལ་རྟོགས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་བཅད་པ་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུངས་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།