འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དར་མདོའི་ས་ཁུལ་གྱི་རྒྱ་ཡིག་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བདེ་བླག་
    ངང་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་13ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སློབ་མས་རྒྱ་ཡིག་གི་མཛེས་ཆ་རྟོགས་རྒྱུར་ཁྲིད་སྟོན་བྱེད་པ། ཚད་ལྡན་རྒྱ་ཡིག་འབྲི་བའི་སློབ་མའི་ནུས་པ་གསོ་སྐྱོང་བྱེད་པ་བཅས་བྱ་ཆེད། དར་མདོ་རྫོང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱས་པའི་དར་མདོའི་ས་ཁུལ་གྱི་རྒྱ་ཡིག་དཔོད་འབྲིའི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་ཉིན་ཤས་གོང་མཇུག་འགྲིལ་བ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་ནང“རྒྱ་ཡིག་གི་ནང་དོན་ཟབ་མོ་རྟོགས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང”ཞེས་པའི་བརྗོད་དོན་གཙོ་བོ་དེར་དམ་པོ་དམིགས་པ་རེད། བྱེད་སྒོ་དེ་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་འགོར་བ་དང་འགྲན་བསྡུར་གྱི་ནང་དོན་དེ་གཏམ་དཔེ་དང་། རིག་ཚན་ཐ་སྙད། འཚོ་བའི་མིང་ཚོགས། དཀར་མཛེས་ཀྲོའུ་ཡི་ས་མིང་སོགས་དང་འབྲེལ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།