འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པའི་ལྐོག་བཟའ་རུལ་སུངས་ཀྱི་མི་སྣ་༡༢འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་12ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         གསར་འགོད་པས་པེ་ཅིང་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་གནས་ཉེས་གསོག་གི་རྒྱལ་སྤྱིའི་རྗེས་འདེད་དང་བརྐུས་དངུལ་ཕྱིར་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་ནང་། པེ་ཅིང་གྲོང་ཁྱེར་ཞིབ་དཔྱོད་ཁོངས་གཏོགས་ཀྱིས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པའི་ལྐོག་བཟའ་རུལ་སུངས་མི་སྣ༡༢འཛིན་བཟུང་བྱས།
         སྤྱི་ལོ༢༠༡༤ལོའི་ཟླ་བ་༩པ་ནས་བཟུང་། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་དུས་ཡུན་ལོ་ཕྱེད་རིང་གི་འགན་གནས་ཉེས་གསོག་གི་རྒྱལ་སྤྱིའི་རྗེས་འདེད་དང་བརྐུས་དངུལ་ཕྱིར་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས་གཅིག་བསྡུས་ཐོག་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་བའི་འགན་གནས་ཉེས་གསོག་དོགས་ཡོད་མི་སྣ་འདེད་བཟུང་བྱས་ཡོད་པ་རེད།
         ཆེད་དོན་བྱ་སྤྱོད་ཀྱི་ཟིལ་ཤུགས་འོག སྤྱི་ལོ༢༠༡༤ལོའི་ཟླ་བ༡༢པའི་ཚེས༢༢ཉིན་ཨ་རིར་བྲོས་བྱོལ་བྱས་ནས་ལོ་གཉིས་དང་ཕྱེད་ཀ་ཕྱིན་པའི་ལེའོ་ཉིང་ཞིང་ཆེན་ཧྥེང་གྲེང་གྲོང་ཁྱེར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཟུར་པ་ཝང་ཀོ་ཆང་རང་ཉེས་ངོས་ལེན་གྱིས་མགོ་བཅོལ་ཞུས་ཡོད་པ་རེད།
         པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་རུལ་སུངས་འགོག་རྒོལ་ཅུས་ཀྱི་གྱོད་གཞི་ཆེན་པོ་དང་གྱོད་གཞི་གལ་ཆེན་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧན་ཅུན་གྱིས་རྗེས་འདེད་ལས་ཀ་དེ་ཕུགས་ཕན་སྒྲིག་གཞི་ཡིན་པའི་ངོས་ནས་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་དང་ཕྱི་རྒྱལ་ལ་རྗེས་འདེད་གཏོང་རྒྱུ་དེ་མ་གནས་མཐོན་པོ་ཡིན་ན་ཡང་སྔར་བཞིན་རྒྱུན་སྲིང་ལྷོད་མེད་བྱ་དགོས་ཀྱི་ཡོད་ཅེས་བཤད་འདུག
      

    ཕྱོགས་བསྡུས་གསར་འགྱུར།