འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་དྲ་ཐོག་རྩོམ་རིག་པར་སྐྲུན་དང་ཕྱོགས་བསྡུར་རྩོམ་སྐུར་གྱི་ཁེ་ལས་གཙོ་བོ་
    ཁག་ཅིག་གསོ་སྤེལ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་12ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          ཉེ་ཆར་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་དྲ་ཐོག་རྩོམ་རིག་སྐྱོན་བྲལ་གོང་འཕེལ་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་དཔར་འགྲེམ་བྱས་པའི་ནང་། རང་རྒྱལ་གྱི་དྲ་ཐོག་རྩོམ་རིག་གི་གོང་འཕེལ་དམིགས་འབེན་ནི། ལོ་གསུམ་ནས་ལོ་ལྔའི་ནང་གསར་རྩོམ་གྱི་ཁ་ཕྱོགས་སྔར་ལས་བདེ་ཐང་ཡིན་པ་དང་། གསར་རྩོམ་གྱི་སྤུས་ཚད་ཀྱང་མངོན་གསལ་དོད་པོའི་ངང་མཐོ་རུ་གཏོང་བ། ཚོང་གཉེར་དང་ཞབས་ཞུའི་རྣམ་པ་སྔར་ལས་འཐུས་ཚང་དུ་བཏང་ནས། དྲ་ཐོག་རྩོམ་རིག་པར་སྐྲུན་དང་ཕྱོགས་བསྡུར་རྩོམ་སྐུར་གྱི་ཁེ་ལས་གཙོ་བོ་ཁག་ཅིག་གསོ་སྤེལ་བྱས་ཏེ། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ལྡན་པའི་ཚོང་རྟགས་ཁག་ཅིག་བསྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
          བསམ་འཆར་ནང་། ཉེ་བའི་ལོ་ཤས་ནང་དྲ་ཐོག་རྩོམ་རིག་མགྱོགས་མྱུང་ངང་གོང་འཕེལ་ཏུ་ཕྱིན་ཏེ་རྒྱ་ཆེའི་རྩོམ་རིག་ལ་མོས་མཁན་ཚོ་དང་ན་གཞོན་ཚོའི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། ཡིན་ན་ཡང་འབོར་ཚད་མང་པ་དང་སྤུས་ཚད་ཞན་པ། གཞན་གྱི་རྩོམ་ཡིག་ལྐོག་བཤུ་དང་ལད་ཟློས་བྱེད་པ། ནང་དོན་གྱི་ཆ་ནས་འདྲ་མཚུངས་ཡིན་པ། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དང་མགྱོགས་ཟས་ཅན་གྱི་འཛད་སྤྱོད། དེ་མིན་ཁྲོམ་རའི་ཕན་ནུས་རྐྱང་རྐྱང་དམིགས་པ་དང་གཞན་གྱི་བདག་དབང་འཕྲོག་བཅོམ་དང་རྫུན་མ་བཟོ་བ། ཁྲོམ་རའི་གཙོ་གཟུགས་སུ་བཟང་ངན་མཉམ་འདུས་དང་དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་མིན་པ། ཁྲོམ་རའི་ལྟ་སྐུལ་འཐུས་ཚང་མིན་པའི་གནད་དོན་མངོན་གསལ་དོད་པོ་ཡིན་པ་རེད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།