འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་བོད་དུ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་541ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། མ་འཇོག་གི་ནང་ངོས་མཐུན་རྐྱེན་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་དངོས་ཤུགས་ལྡན་པའི་ཁེ་ལས་ཆེ་གྲས་དང་འབྱོར་ཆེན་ཚོགས་པ་ཆེན་པོ་རང་ལྗོངས་ལ་གཞི་ཚུགས་ནས་མ་འཇོག་ལས་གཏོད་བྱ་རྒྱུའི་ཡིད་འགུག་ཅིང་། ཉེ་བའི་ལོ་ཤས་རིང་ཚོང་འགུགས་མ་འདྲེན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ཞིང་། ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་དུས་ཆེན་དང་རྟེན་འབྲེལ་གྱི་བྱེད་སྒོ་བརྒྱུད་ཕྱི་ཕྱོགས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་ཀྱི་སྙིང་དོན་མཚོན་པ་བྱེད་པ་དང་མ་འཇོག་མཁན་གྱི་ཡིད་དབང་འགུགས་པ་བྱ་རྒྱུ་དེ་བོད་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཁྱད་ཆོས་ཆེན་པོ་ཞིག་རེད། 2014ལོར་བོད་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་དེ་རང་སྐྱོང་ལྗོངས་ཀྱི“ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རྒྱ་སྟོབས་ཆེ་རུ་གཏོང་བ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི“སྒོ་དབྱེ་ལྔ་དང་རྒྱབ་སྐྱོར་དྲུག་གི་སྲིད་ཇུས”དོན་འཁྱོལ་ཧུར་ཐག་བྱས་པས་ཚོང་འགུགས་མ་འདྲེན་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།