འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་
    པའི་གླེང་སྟེགས་ཀྱི་སྐབས་ཐོག་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 11:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་
པའི་གླེང་སྟེགས་ཀྱི་སྐབས་ཐོག་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་ ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་ཐོག་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོག་འགོ་བརྩམས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གྲོས་ཚོགས་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་གནང་བ་མ་ཟད་ཁ་བྱང་ལ་༼ ཐུན་མོང་དུ་ཀྲུང་གོ་དང་ལ་ཏེང་ཨ་མེ་རི་ཀ་གླིང་བར་གྱི་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་རོགས་ཟླའི་འབྲེལ་བའི་ལེ་ཚན་གསར་པ་བརྩམ་དགོས་ ༽ཞེས་པའི་གསུང་བཤད་གལ་ཆེན་གནང་།
          ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་ཐོག་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོགས་པ་དེའི་ཐོག་ནས་ཕྱོགས་གཉིས་བར་སྤྱི་ཡོངས་ནས་མཉམ་ལས་བྱ་རྒྱུ་དེ་བསམ་བཀོད་བྱས་པ་ནས་དོན་དངོས་སུ་གྱུར་པ་དང་། འཛམ་གླིང་ཡོངས་ལ་ཀྲུང་ལའི་བར་མཉམ་ལས་ཟབ་སྤེལ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་སུ་འགྲོ་བའི་བརྡ་རྟགས་བཟང་པོ་བཏང་བ་མ་ཟད། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་འཛམ་གླིང་དར་རྒྱས་ཡར་ཐོན་འགྲོ་བར་སྐུལ་སྤེལ་གཏོང་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་གལ་ཆེ་ཞིང་གཏིང་ཟབ་པོ་ཐེབས་པ་མཚོན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་དང་མཉམ་དུ་ ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་ཐོག་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོགས་པ་འགོ་རྩོམ་ས་གསར་པར་བཟུང་སྟེ་ཀྲུང་ལའི་བར་གྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
          ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་པའི་གླེང་སྟེགས་ནི་གསར་ཐོན་བྱ་དངོས་ཤིག་རེད། དེ་ནི་གསར་དུ་བཙུགས་པའི་ཤིང་མྱུག་ལྟ་བུ་ཞིག་ཡིན་ཞིང་། ཤིང་མྱུག་དེ་མཁའ་ལ་སྙེག་པའི་ཤིང་སྡོང་ཆེན་པོར་འགྱུར་བར་ཕྱོགས་གཉིས་ཀས་བློ་རྩེ་གཅིག་སྒྲིམ་གྱིས་གསོ་སྐྱོང་བྱ་དགོས། ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་ལས་ཕྱོགས་གཉིས་ཀས་ཀྲུང་ལའི་བར་གྱི་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་རོགས་ཟླའི་འབྲེལ་བར་སྐུལ་སྤེལ་གཏོང་རྒྱུར་ངོས་འཛིན་གཅིག་མཐུན་བྱུང་ཚུལ་དང་། ཕྱིན་ཆད་ལོ་ལྔའི་ནང་སྤྱི་ཡོངས་ནས་མཉམ་ལས་བྱེད་སྒོ་སྤེལ་བའི་གཙོ་གནད་ཁྱབ་ཁོངས་དང་བྱ་ཐབས་ཞིབ་ཕྲ་གཏན་འབེབས་བྱས་ཚུལ། གླེང་སྟེགས་ལ་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་བྱས་ཚུལ་བཅས་ལ་གཅིག་བསྡུས་སུ་མཚོན་རྒྱུ་རེད་ཅེས་བསྟན་གནང་བ་རེད།
    ༄༅།།ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཀ་གླིང་ངམ་ག་རི་སྦེན་མཚོ་འགྲམ་རྒྱལ་ཁབ་ཐུན་མོང་ཚོགས་
པའི་གླེང་སྟེགས་ཀྱི་སྐབས་ཐོག་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།