འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཕྱི་འབྲེལ་པུས་ད་ཡོད་འཇིགས་སྐུལ་གྱི་རྒྱུ་རྐྱེན་གང་ཞིག་ལའང་སྣང་ཆུང་
    བྱེད་མི་རུང་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེ་ཡིས་ཟླ་1ཚེས་7ཉིན་ཧྥ་རན་སེའི་རྒྱལ་ས་ཕ་རི་སི་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བ་ང་ཚོའི་བློ་ཡུལ་ལས་འདས་ཤིང་ཧ་ལས་པ་དང་ཆབས་ཅིག འཇིགས་སྐུལ་འཇབ་རྒོལ་བྱེད་མཁན་ལ་ཁ་རྡུང་དྲག་པོ་གཏོང་གི་ཡིན། ཀྲུང་གོའི་ཕྱོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་ཚོར་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་སྐྱོན་ཕོག་མཁན་ཚོར་ལྷག་བསམ་ཟོལ་མེད་ཀྱིས་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་པ་དང་། ཧྥ་རན་སེའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་འབད་པ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།