འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།བོད་ལྗོངས་ཀྱི་ཁྱད་ལྡན་གྲོང་ཚོ་གསུམ་༼ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཤང་ ༽
    ཞེས་པའི་གྲས་སུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོའི་རིག་གནས་པུའུ་ཡིས་2014ལོ་ནས་2016ལོ་བར་གྱི་༼ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཤང་༽ཞེས་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། མིང་ཐོ་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཐོན་པ་ཤང་དང་། ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་གནས་ཡུལ་ལྷོ་པ་མི་རིགས་ཤང་། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་གི་ཉི་མ་ཤང་བཅས་གསུམ་བདམས་ཐོན་བྱུང་ཡོད་པ་རེད།
         བོད་ལྗོངས་རིག་གནས་ཐིང་སྤྱི་ཚོགས་རིག་གནས་ཁྲུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་སུ་༼ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཤང་༽གི་མིང་ཐོ་ནང་ཚུད་པའི་ཤང་22ཡོད། དེའི་ཁྲོད་ཀྱི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ནི་བོད་ལྗོངས་ཀྱི་བོད་སྤོས་ཐོན་ཁུངས་གལ་ཆེན་ཞིག་ཡིན་ཞིང་། ད་བར་དུ་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན། ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ལྷོ་པའི་བསླས་འཐག་ལག་རྩལ་ནི་ནི་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཉི་མ་ཤང་གི་དཔལ་མགོན་གཞས་ཆེན་ནི་བོད་ཡུལ་གྱི་དམངས་ཁྲོད་སྒྱུ་རྩལ་གལ་ཆེན་ཞིག་ཡིན་པ་དང་། དེས་བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱི་བློ་གཤོགས་ཆེ་བའི་ཉམས་འགྱུར་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།