འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གྱོད་དོན་
    ཁག་157བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་དྲ་ཚུགས་ཐོག་2014ལོའི་ཟླ་12ཚེས་29ཉིན་ནས་འདི་ལོའི་ཟླ་1ཚེས་4ཉིན་བར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གྱོད་དོན་ཁག་157ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཉེ་ཆར་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་། “སྤྱོད་ཚུལ་བཞིའི”གནད་དོན་གྱི་ལྟ་སྐུལ་ཐེར་འདོན་གོང་ཞུའི་ཕྱིར་བསྒྲགས་ཆེད་དོན་ལེ་ཚན་བཏོན་རྗེས་གཟའ་འཁོར་གཉིས་ལ་བསྟུད་མར་ལྡོག་ཕྱོགས་གྱོད་དོན་བརྡ་ཁྱབ་བཏང་བ་ཞིག་ཡིན་པ་རེད།
         ཁྱབ་བསྒྲགས་བྱས་པའི་ས་ཁུལ་དང་ཚན་པ་31གི་གྱོད་དོན་ཁྲོད་གྱོད་དོན་ཐད་གཙོ་བོ་སྒྲིག་འགལ་ངང་འབུལ་རྟེན་དངུལ་ལེན་པ་དང་། སྒྲིག་འགལ་ངང་ཞབས་འདེགས་ཞུ་ཡུལ་གྱི་གསོལ་ཚིགས་གཤོམ་པ་དང་ལེན་བྱེད་པ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ། གཞུང་དངུལ་སྤྱད་དེ་ཅ་དངོས་ཉོ་བ། རྒྱས་སྤྲོས་རྒྱས་གཤོམ་ངང་གཉེན་སྒྲིག་དང་། འདས་འཇུག  རྟེན་འབྲེལ་མཛད་སྒོ་གཉེར་བ། གཞུང་དངུལ་སྤྱད་དེ་ཟ་འཐུང་རྒྱས་སྤྲོས་བྱེད་པ། གཞུང་འཁོར་སྒེར་སྤྱོད་བྱེད་པ། སྒྲིག་འགལ་ངང་འཚོ་ཕན་སྤྲོད་པ། ལྐོག་ཏུ“དངུལ་སྦས་ཁུང”འཛུགས་པ། ལས་ཀའི་སྒྲིག་ལམ་ལས་འགལ་བ། འགན་འཛོལ་དང་སྒྲིག་འགལ་ངང་གཞུང་ལས་ཐོག་བརྩེགས་ཁང་ཆེན་དང་། ཚོགས་ཁང་། ཟ་ཁང་། སྣེ་ལེན་ཁང་སྐྲུན་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད། དེའི་ནང་སྒྲིག་འགལ་ངང་དུས་ཆེན་ལག་རྟགས་སྤྲད་པའམ་ཡང་ན་འཚོ་ཕན་སྤྲོད་པའི་གྱོད་དོན་ཁག་19ཡོད་པ་དང་། དེའི་ནང་ནས་ཅི་ལིན་ཞིང་ཆེན་ཐུང་ཧ་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་དམིགས་བསལ་སྒྲིག་ཆས་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཏའེ་ལི་ཅུན་དང་། ཕུའུ་ཅན་ཞིང་ཆེན་ཕུའུ་ཐན་གྲོང་ཁྱེར་ཤིའུ་ཡུས་ཆུས་ཁྲོམ་ར་དོ་དམ་ལྟེ་གནས་ཀྱིས་སྔ་རྗེས་སུ་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ལོ་གསར་གྱི་ཉེར་མཁོ་དང་དུས་ཆེན་གྱི་དངུལ་སྤྲད་པ། ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་ཁྲེང་ཝུའུ་རྫོང་འཕེལ་སྒྱུར་ཅུས་ཀྱི་དེ་སྔའི་ཞིང་ལས་ཀུའི་ཀུའུ་ཀྲང་སི་ཙུང་ཅེས་ལོ་གསར་གྱི་དངུལ་ལེན་པ། ཧོ་ནན་ཞིང་ཆེན་ཞུས་ཁྲང་མཁོ་སྒྲུབ་མཉམ་ལས་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཤེ་ཡའོ་ཐིང་གིས་ཁེ་ལས་ཀྱི་ལོ་གསར་དངུལ་ལེན་པ། ཧྲའན་ཤིས་ཞིང་ཆེན་ཤིས་ཞན་ཆུས་ཕུང་ཤིས་གྲོང་གསར་དོ་དམ་ཨུ་ལྷན་དྲིལ་བསྒྲགས་ཇུས་འགོད་ཅུས་ཀྱི་ཅུས་ཀྲང་ཧྲེན་པོ་ཡིས་སྒྲིག་འགལ་ངང་དངུལ་སྤྲད་པ་དང་དུས་ཆེན་དངུལ་ལེན་པ་བཅས་གྱོད་དོན་གྱི་འབྲེལ་ཡོད་འགན་འཁུར་བར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བཏང་བའི་ཉེས་ཆད་དང་། ཏང་ནང་ཁུལ་གྱི་ཐ་ཚིག་གཏོང་བའི་ཉེས་ཆད། སྲིད་འཛིན་གྱི་ཐ་ཚིག་གཏོང་བའི་ཉེས་ཆད་བཅས་བཅད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།