འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཅང་སུའུ་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་4ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཅང་སུའུ་ཞིང་ཆེན་གྱིས་བོད་ལྗོངས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་པའི་2014ལོའི་གསར་འགྱུར་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་ལྷ་ས་གྲོང་ཁྱེར་གྱིས་འཚོགས་པ་རེད།
          ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་། སྟག་རྩེ། ལྷུན་གྲུབ། མལ་གྲོ་གུང་དཀར། ཆུ་ཤུར་རྫོང་བཅས་དང་དེ་བཞིན་ལྷ་ས་དགེ་འོས་ཆེད་ལས་སློབ་གྲྭ་དང་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་ཕྱོགས་སྡོམ་སྙན་ཞུ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཅང་སུའུ་ཞིང་ཆེན་གྱིས་ཁྱོན་བསྡོམས་ཁ་གཏད་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.94བཀོད་སྒྲིག་བྱས་པ་དེ་ལོ་གོང་མ་ལས་7.95%འཕར་ཡོད། རོགས་སྐྲུན་རྣམ་གྲངས་ཁག་24ལག་བསྟར་བྱས་ནས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་། གྲོང་ཤར་ཁུལ་མི་དམངས་སྨན་ཁང་། ལྷ་ས་ཕྱོགས་བསྡུས་འགྲེམས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྨན་རྩལ་ཐོག་བརྩེགས་ཁང་སོགས་རྩེར་སོན་དཔེ་སྟོན་ལས་གྲྭ་ཁག་གཅིག་སྐྲུན་པ་རེད། ཅང་སུའུ་ཡི་རྒྱབ་ཕྱོགས་རོགས་སྐྱོར་ཚན་པ་ཁག་དང་དེ་བཞིན་བོད་སྐྱོར་ལས་བྱེད་མི་སྒེར་གྱིས་རོགས་སྐྱོར་བྱ་ཡུལ་ཚན་པར་ཁྱོན་དངོས་ཟོག་སྒྲིག་ཆས་སྒོར་ཁྲི་2346.23བརྩོན་ལེན་བྱས་པ་དང་ཕྱོགས་གཉིས་ཁྲིད་སྟོན་གསོ་སྦྱོང་དང་སྤེལ་རེས་མཉམ་ལས་ཁྱོན་ཁག་ཐེངས་209བྱས་པར་མི་ཐེངས་2558ཙམ་ཞུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།