འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཁྲིའི་རྒྱལ་ཁབ་རིམ་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་གྱི་རྣམ་གྲངས་
    ལ་ཞིབ་དཔྱད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 08:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་རྒྱལ་ཁབ་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་གྱི་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཉིང་ཁྲི་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་བསྐྲུན་པའི་ལས་དོན་ལ་ཡུལ་དངོས་རྟོག་ཞིབ་དང་ཞིབ་དཔྱད་བྱས་ཏེ་ཉིང་ཁྲི་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་བསྐྲུན་རྒྱུའི་རེ་ཞུ་ལ་ཆོག་མཆན་འགོད་རྒྱུའི་གྲོས་འགོ་བཏོན་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ཚན་རྩལ་པུའུ་དུས་རབས་21པའི་གྲོས་རིམ་དོ་དམ་ལྟེ་གནས་ཀྱིས<<རྒྱལ་ཁབ་རིམ་པའི་ཉིང་ཁྲི་ས་ཁུལ་གྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་འཆར་འགོད(2015—2019)>>ཀྱི་དམིགས་ཚད་ལ་ལྟ་བསྡུར་གྱིས་2017ལོར“ཉིང་ཁྲི་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ”བསྐྲུན་པར་དུས་འབྲིང་དཔྱད་དཔོག་བྱ་རྒྱུ་དང་2019ལོར་རྩིས་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།