འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་
    315ལས་བརྒལ་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གྲངས་གཞི་གསར་ཤོས་ལས་མངོན་གསལ། 2014ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་315.1ཟིན་ནས་དུས་མཚུངས་ལས་14.2%འཕར་ཏེ་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་བཏོད་ཡོད་པ་རེད།
         ཚེས་6ཉིན་གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱས་གསལ། 2014ལོར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལྷ་ས་ནས་ས་དམ་བར་དང་། ལྷ་ས་ནས་ཁུན་མིང་དང་ཁྲང་ཧྲ་བར། ཉིང་ཁྲི་ནས་ཁྲེང་ཏུའུ་དང་ཧྲེན་ཀྲེན་བར་སོགས་མཁའ་ལམ་ཁག་9བཏོད་དེ་མཁའ་ལམ་ཁག་48བར་མང་དུ་བཏང་བ་དང་ཀྲེན་ཀྲོའུ་དང་། ས་དམ། ཁྲང་ཧྲ་སོགས་མཁའ་ལམ་ཤར་གཏོང་གྲོང་ཁྱེར་5བསྣན་ནས་མཁའ་ལམ་ཤར་གཏོང་གྲོང་ཁྱེར་33བར་མང་དུ་བཏང་ཡོད་པ་རེད། གནམ་གྲུ་ཐེངས་ཁྲི་3.08བབས་འཕུར་བྱས་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2.5ཟིན་པ་དེ་དུས་མཚུངས་ལས་16.6%དང་9.8%སོ་སོར་འཕར་ཡོད་པ་རེད།
         ཉེ་བའི་ལོ་ཤས་ནང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སུ་སླེབས་ནས་རིམ་རྩིས་ལྟར་ན། རྒྱལ་ཁབ་ཀྱིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་30ལས་བརྒལ་ཏེ་སྔ་རྗེས་སུ་ཉིང་ཁྲིའི་སྨན་གླིང་གནམ་ཐང་དང་མངའ་རིས་ཀྱི་དགུན་ས་གནམ་ཐང་གསར་སྐྲུན་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པས་ལྷ་སའི་གོང་དཀར་གནམ་ཐང་གཙོ་བོར་བྱེད་པ་དང་ཉིང་ཁྲིའི་སྨན་གླིང་གནམ་ཐང་དང་། ཆབ་མདོའི་སྤང་མདའ་གནམ་ཐང་། མངའ་རིས་ཀྱི་དགུན་ས་གནམ་ཐང་། གཞིས་རྩེའི་ཞི་བདེ་གནམ་ཐང་བཅས་ཡན་ལག་གནམ་ཐང་དུ་བྱས་པའི་མཁའ་འགྲུལ་སྐྱེལ་འདྲེན་དྲ་བ་ཆགས་ཡོད་པ་རེད།
         གྲངས་གཞི་ལས་མངོན་གསལ། 2014ལོར་བོད་ཀྱིས་རིམ་རྩིས་ལྟར་ན། ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་1500ལས་ཐོག་མར་བརྒལ་བ་དེ་དུས་མཚུངས་ལས་20%ཡན་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།