འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟ་མཚོ་སྔོན་དུ་དངོས་སུ་ལག་བསྟར་
    བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གུང་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ཟླ་6པར་ཀྲུང་དབྱང་གིས་ཧྲང་ཧའེ་དང་ཀོང་ཏུང་སོགས་སུ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་སྔོན་ལ་བྱས་པ་ནས་བཟུང་<<མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཇུས་གཞིར་>>ཉེ་ཆར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་དེ་ཐོག་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་དེ་མཚོ་སྔོན་དུ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད་པ་རེད།
         མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀའོ་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྒྱུར་བཅོས་ཚོད་ལྟའི་ནང་དོན་གཙོ་བོའི་ནང་ཁྲིམས་འཛིན་མི་སྣའི་རིགས་དབྱེའི་དོ་དམ་འཐུས་ཚང་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་འཐུས་ཚང་། ཁྲིམས་འཛིན་མི་སྣའི་ལས་རིགས་འགན་ལེན་འཐུས་ཚང་། ཞིང་ཆེན་མན་གྱི་ས་གནས་ཁྲིམས་ཁང་ཞིབ་དཔྱོད་ཁང་གི་མི་རྒྱུ་དངོས་གསུམ་གཅིག་གྱུར་ངང་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད། མིག་སྔར་གྲོང་ཁྱེར་དང་ཀྲོའུ་༥ཡི་ཚན་པ་༡༢སྔོན་ལ་ཚོད་ལྟ་བྱ་རྒྱུའི་ཚན་པར་བརྩིས་པ་དེའི་ནང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ཚུད་ཡོད་པ་རེད།
         ཀའོ་ཡུས་ཀྱིས་ཚོད་ལྟའི་ལས་དོན་གྱིས་ཀྲུང་དབྱང་གིས་གཤམ་སྤྲོད་བྱས་པའི་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་ཀྱི་བསྡོམས་འབོར་གཞི་གྲངས་སུ་བྱས་ནས་མི་སྣ་༨༥%གྱོད་གཞི་སྒྲུབ་པའི་འཐབ་ཕྱོགས་དང་པོར་བཏང་ཞིང་། སྔོན་དཔག་བྱས་ན་ལོ་༣ནས་༥བར་གྱི་བར་བརྒལ་དུས་ཚོད་ཡོལ་རྗེས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་དང་། ཁྲིམས་འཛིན་གཞོགས་འདེགས་མི་སྣ། ཁྲིམས་འཛིན་སྲིད་འཛིན་མི་སྣ་བཅས་ཀྱིས་སྲིད་ཁྲིམས་སྒྲིག་ཁོངས་ཀྱི་༣༩%དང་། ༤༦% ༡༥%བཅས་སོ་སོར་བཟུང་རྒྱུ་རེད། དུས་མཚུངས་འདྲི་གཅོད་གཙོ་བོའི་ཁྲིམས་དཔོན་དང་ཀྲུའུ་རེན་ཞིབ་དཔྱོད་དཔོན་གྱི་གནས་བབ་གཙོ་བོ་མངོན་གསལ་དོད་པོ་བྱས་ཏེ་ཚེ་གང་གི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་རེད་ཅེས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།