འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་ན་ནིང་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་༧༡ལ་སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་འདམ་གཞུང་རྫོང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༡༤ལོར་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་༧༡ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་༤༢.༥%འཕར་ཡོད་པ་རེད།
         གནམ་མཚོའི་མཐའ་འཁོར་རིང་ཚད་ལ་སྟོང་སྨི་༣༡༨ཙམ་ཡོད་པ་དང་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མཚེའུ་ཆེ་གྲས་ཤིག་ཡིན། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོའི་སེམས་ཁོངས་སུ་གནམ་མཚོ་ཕྱུག་མོ་ནི་གནས་མཚོ་ཞིག་ཡིན་པ་དང་ལྷག་པར་དུ་ལུག་ལོའི་སྐབས་སྲོལ་རྒྱུན་གོམས་སྲོལ་ལྟར་ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་པ་ཚོས་དཀའ་ངལ་ལ་མ་འཛེམས་པར་གནམ་མཚོ་མཇལ་བར་ཡོང་ནས་སྐོར་བ་གསོག་གི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གནམ་མཚོ་མཛེས་ལྗོངས་ཁུལ་དུ་བསྐྱོད་སའི་ལམ་རྒྱུད་དུ་སྐབས་འགར་འཁྱག་པ་ཐེབས་ཀྱི་ཡོད་པ་མ་ཟད་མཚེའུའི་ངོས་སུ་དར་ཆགས་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་༢༠མན་ལ་སླེབས་ཀྱི་ཡོད། འདི་གར་གནམ་མཚོར་བསྐྱོད་མཁན་ཡུལ་སྐོར་བ་ཚོས་སྔ་སྣུར་ནས་ལམ་ཁའི་གནས་ཚུལ་དང་གནམ་གཤིས་ཆ་འཕྲིན་ཤེས་རྟོགས་བྱས་ཏེ་བདེ་འཇགས་ལ་དོ་སྣང་གནང་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།