མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་མཐོ་རིམ་སློབ་གྲྭའི་ཏང་ལེགས་སྐྱོང་གི་ལས་དོན་སྐོར་ལ་མཛུབ་སྟོན་
གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན་ནས་ཚེས་29ཉིན་བར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཏང་ལེགས་སྐྱོང་ལས་དོན་གྲོས་ཚོགས་ཐེངས་ཉེར་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་ཆེན་པོ་ལེགས་གཉེར་བྱ་དགོས་ན། སྲོལ་བཟང་སྤེལ་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱ་རྒྱུ་དེ་སློབ་ཁྲིད་མི་སྐྱོང་གི་བྱ་་རིམ་ཡོངས་སུ་ཁྱབ་པ་དང་།བསམ་བློའི་ཐོག་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་བྱེད་དབང་དམ་འཛིན་བརྟན་པོ། ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གཙོས་འགན་འཁུར་བའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་བ་བྱས་ནས་མཐོ་རིམ་སློབ་གྲྭའི་སྒྲིག་སྲོལ་ལམ་སྲོལ་ཟམ་མ་ཆད་པར་བསྒྱུར་བཅོས་དང་འཐུས་སྒོ་ཚང་བ། ཏང་ལེགས་སྐྱོང་གི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ནས་གཞི་རིམ་ཏང་གི་རྩ་འཛུགས་འཐབ་འཛིང་གི་བཙན་རྫོང་ལྟ་བུ་ཡིན་པའི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ནུས་ལྡན་བཅས་བྱ་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་བ་རེད།