འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཨེ་ཅིབ་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཨེ་ཅིབ་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཅིབ་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་ཀྲུང་ཨེའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གཏན་འཁེལ་བྱས་པ་རེད།
          ཞིས་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་གནས་བབ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཨེ་ཅིབ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་བབ་དང་མཐུན་པའི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨེ་ཅིབ་སྲིད་གཞུང་དང་མི་དམངས་ཀྱིས་མདུན་སྐྱོད་ཁྲོད་ལྷགས་པའི་གནད་དོན་མཐའ་དག་ཡང་དག་ངང་ཐག་གཅོད་ཐུབ་རྒྱུར་ཡིད་ཆེས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།