འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནག་ཆུར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་སུ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན་གསར་འགོད་པར་བོད་ལྗོངས་ནག་ཆུ་ས་ཁུལ་འཕྲོད་བསྟེན་ཅུས་ནས་ཤེས་རྟོགས་བྱུང་གསལ། 2014ལོར་བོད་ལྗོངས་ནག་ཆུར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%ཟིན་པ་རེད།
         1993ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་༼བོད་རང་སྐྱོང་ལྗོངས་ཀྱི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་གནས་སྐབས་ལག་བསྟར་དང་དོ་དམ་བྱ་ཐབས་༽ཁྱབ་བསྒྲགས་བྱས་པ་ལས་ཞིང་འབྲོག་ཁུལ་གྱི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་ཆེད་དོན་འགྲོ་སོང་ཡོང་ཁུངས་གཙོ་བོ་ཀྲུང་དབྱང་དང་ས་གནས་ནོར་སྲིད་ནས་ཡིན་པ་དང་མི་རེའི་འགྲོ་སོང་གི་ཚད་གཞི་དེ་མི་དམངས་ཤོག་སྒོར་5.5ཡིན་པ་ཐོག་མར་ཁ་གསལ་བྱུང་ཡོད།
          འདི་ལོའི་བར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་སྒོར་380བར་སྤར་ཡོད་པ་རེད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་པའི་མང་ཚོགས་ཚོས་སྒོར་20ལས་སྐྱེལ་མི་དགོས་པར་ལོ་གཅིག་ལ་ཚད་གཞི་མཐོ་ཤོས་སྒོར་ཁྲི་6གི་འགྲོ་སོང་རྩིས་ཞུ་བྱེད་ཆོག་པ་དང་ལམ་ལུགས་དེ་ལས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད་པ་རེད།
          འདི་ལོ་ནག་ཆུ་ས་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཐེབས་རྩ་སྒོར་ཁྲི་24493.12ཟིན་པའི་ནང་ལོ་གོང་མར་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོས་པ་སྒོར་ཁྲི་7017.04དང་མི་སྒེར་གྱིས་གྲབས་གསོག་བྱས་པ་སྒོར་ཁྲི་856.26ཕུད་ཚང་མ་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ་བཅས་ནོར་སྲིད་ཀྱིས་བཀོད་སྒྲིག་དང་རྫོང་རིམ་པས་བཀོད་སྒྲིག་བྱས་པ་དང་དེ་བཞིན་དམངས་སྲིད་སྡེ་ཚན་གྱི་རོགས་སྐྱོར་མ་དངུལ་དང་སྐྱེད་ཀའི་ཡོང་འབབ་ལས་བྱུང་བ་ཞིག་རེད།
           མིག་སྔའི་བར་ནག་ཆུའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་མི་ཐེངས་27498ལ་སྨན་ཁང་དུ་སྡོད་པའི་ཁ་གསབ་སྤྲད་པ་དང་ཁ་གསབ་སྤྲོད་ཚད་72%ཟིན་ཡོད། མི་ཐེངས་794766ལ་སྒོ་བསྟེན་སྨན་བཅོས་ཀྱི་ཁ་གསབ་སྤྲད་པ་དང་ཁ་གསབ་སྤྲོད་ཚད་99.45%ཟིན་ཡོད། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་སྣས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པར་ཁ་གསབ་མཐོ་ཤོས་90%དང་དམའ་ཤོས་65%སྤྲད་དེ་ལོ་འཁོར་གྱི་ཚད་གཞི་མཐོ་ཤོས་མི་རེར་ལོ་རེར་སྒོར་ཁྲི་6དང་དམའ་ཤོས་སྒོར་ཁྲི་2.04ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།